| | e-texts navigator
|
435b1 སེམས་དཔའ་རབ་ཏུ་སྤྱོད་དོ།།དེའི་སྟོང་པ་ཉིད་ཀྱི་དོན་ཇི་ལྟར་འཚུ་ལྔ་པར་བགྱི།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དཔོ་བྷ་གཉིས་འཐོབ་པའི་དོན་དུ་དག་བཱའི་འདུས་བྱས།
435b2 དང་།འདུས་མ་བྱས་གཉིས།།རྟག་ཏུ་སེམས་ཅན་ལ་ཕན་པའི་ཕྱིར་དང་།སེམས་ཅན་ལྔ་ཤིན་ཏུ་ཕན་པའི་དོན་དུ་འཁོར་བ་མྱི་སྤང་བའི་ཕྱིར་དེའི་སྟོང་པོ་ཉིད་ནི་ཐོག་མ་དང
435b3 ཐ་མ་མེད་པ་སྟོང་པ་ཉིད།།རྒྱན་མི་འཆད་པར་འཁོར་བ་སྟོང་པ་ཉིད་དུ་མ་མཐོང་བས་སྐྱོ་སྟེ།འཁོར་བ་ཡོངསུ་སྤོང་བར་བྱེད་དོ།།གང་ཡང་དགེ་བ་མི་ཟད་པར་ཁྱད་པར་དུ
435b4 ལྟ་བས་མྱ་ངན་ལས་འདས་པར་ཡང་མི་བྱེད་ཅིང་དེའི་སྟོང་པ་ཉིད་སྤོང་པར་ཡང་མི་བྱེད།འདི་ནི་བླང་བ་དང་དོར་བ་མེད་པ་སྟོང་པ་ཉིད་དོ།།རིགས་ཀྱང་རྣམ་པར་དག་པའི་ཕྱིར
435b5 ཞེས་བྱ་བ་ལ།རིགས་ནི་རང་བཞིན་ཏེ།ངོ་བོ་ཉིད་དོ།།མཚན་དང་དཔེ་བྱད་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ།སྐྱེས་བུ་ཆེན་པོའི་མཚན་དང་།དཔེ་བྱད་དང་བཅས་པར
435b6 ཐོབ་པར་བྱ་བའི་ཕྱིར་དང་།དག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་སྤྱོད་དེ།ཁྱད་པར་གྱི་སྟོབས་དང་མི་འཇིགས་པ་ལ
435b7 སོགས་པ་སྦྱང་བའི་ཕྱིར་རེ་ཤིག་སྟོང་པོ་ཉིད་བཅུ་བཞིར་རྣམ་པར་གཞག་པར་རིག་པར་བྱའོ།།ཡང་འདིར་སྟོང་པ་ཉིད་དང་ཞེ་ན།ཆོས་དང་གང་ཟག་གི་དོན་དངོས་པོ་མེད་པ
iiif viewer powered by OpenSeadragon
435a - 436a