e-texts navigator
Collection
Volume
Page
Wylie

434b1 ཚོན་མ་ནི་དྲད་པ་སྟེ།ཡིད་ཆེས་པ་དང་།དང་བ་དང་།འདོད་པའོ།། ནས་བ་རྩོལ་བརྡ་འབྲང་བུ་ནི་ཤིན་ཏུ་སྦྱངས་པ་ཏེ།འདུན་པ་དང་བཅས་པའི་བརྩོན་འགྲུས
434b2 ཏིངངེ་འཛིན་གྱིས་ཁྱད་པར་རྟོགས་པར་བྱའོ།།ལྷག་མ་སྤོང་བའི་འདུ་བྱེད་བཞི་ནི་དྲན་པ་དང་།ཤེས་བཞིན་དང་།སེམས་དཔའ་དེང་།བཏང་སྙོམས་ཏེ།གྲངས་ཇེ་ལྟ
434b3 བར་སྐྱོན་བཞིའི་གཉེན་པོའི་ཕྱོགསོ།།དེ་ཡང་དྲན་པ་ལ་སོགས་པའི་རིམ་པ་དེ་བཞིན་དུ་རིག་པར་བྱ་སྟེ།དམིགས་པ་ནི་རྨུགས་པ་མེད་པས་བྱིང་བ་དང་རྒོད་པ་རྗེསུ་རྟོགས
434b4 པར་བྱ་ཞིང་།དེ་ཉིད་ཀྱི་མངོན་པར་འདུ་བྱེད་པ་ཞི་བ་ལ་ཤིན་ཏུ་སྦྱངས་པ་འབྱུང་།།དྲན་པ་དམིགས་པ་ན་རྨུགས་པ་མེད་པས་ཤེས་བཞིན་ཏོ།།རྨུགས་པ་མེད་པར
434b5 གྱུར་ནུ་བྱིང་བ་དང་རྒོད་པ་རྟོག་སོ།།མ་རྟོགས་པ་དེ་རྟོགས་པར་བྱ་བའི་དོན་དུ་མངོན་པར་འདུ་བྱེད་པའི་སེམས་ཀྱིས་བྱིང་བ་དང་རྒོད་པ་ཞི་བ་ལ་དམ་པ་ཤིན་ཏུ་སྦྱངས
434b6 པའི་སྙོམས་ཀྱི་བཏང་སྙོམ་སོ།།རྫུ་འཕྲུལ་གྱི་རྐང་པའི་མཐར་དད་པ་ལ་སོགས་པའི་དབང་པོ་ལྔ་པོ་དེ་རྣམས་ཀྱི་རྣམ་པར་གཞོག་པ་ཇི་ལྟར་དགོད་ཅེ་ན།ཐར་པའི་ཆ་དང་ལྡན་པ
434b7 གང་ཞིག་འདུན་པའི་རྣལ་འབྱོར་གྱི་བདག་པོ་དང་།དམིགས་པ་ན་རྨུགས་པ་མེད་པས་བརྗེད་པ་མེད་པའི་བདག་པོའོ།།བདག་པོ་ཞེས་བྱ་བ་ནི་བསྒྱུར་བར་བྱེད་པའོ།།




iiif viewer powered by OpenSeadragon

434a - 435a

Texts on this page

N385 - rgyud kyi rgyal po chen po dpal yang dag par sbyor ba'i thig le zhes bya ba