| | e-texts navigator
|
76a1 དེ་ལྟར་མི་བལྟའོ།།གཞན་དུ་ན་ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔལ་གྱི་སྡེ་ཞེས་བྱ་བར་གྱུར་ཏེ།དེའི་ཚེ་རང་གི་ལུས་ཡོངསུ་བཏང་ངོ་།།དགེ་སློང་དག་དེའི་ཚེ་དེའི
76a2 དུས་ན།རྒྱལ་པོ་དཔལ་གྱི་སྡེའི་བཙུན་མོ་རྒྱལ་བའི་འོད་དུ་གྱུར་པ་གང་ཡིན་པ་དེ་ནི་གྲགས་འཛིན་མེ་འདི་ཉིད་ཡིན་ཏེ།དེའི་ཚེ་དེའི་དུས་ན།བཙུན་མོ་རྒྱལ་བའི་འོད་ཅེས་བྱ་བར་གྱུར་ཏོ།།
76a3 དགེ་སློང་དག་བློན་པོའི་མཆོག་བློ་གྲོས་ཆེན་པོར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ཏེ།དེའི་ཚེ་དེའི་དུས་ན།བློན་པོ་བླ་གྲོས་ཆེན་པོར་གྱུར་ཏོ།།དགེ་སློང་དག
76a4 ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་པ་གང་ཡིན་པ་ད་ནི།རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་ཉིད་ཡིན་ཏེ།དེའི་ཚེ་དེའི་དུས་ན།ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ཏོ།།དགེ་སློང་དག་སུ
76a5 ཅུ་རྩ་གསུམ་གྱི་ལྷོ་གང་ཡིན་པ་དེ་རྣམས་ནི།རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ལྷན་ཅིག་ཏུ་བདེན་པ་མཐོང་བ་ལྔ་བརྒྱད་ཅུ་པོ་འདི་ཉིད་ཡིན་ཏོ།།དགེ་སློང་དྲག་གྲོང་ཁྱེར་གྱི་སྐྱེ་བར
76a6 ཚིགས་གང་ཡིན་པ་དེ་ནི།རྒྱལ་པོ་གཟུགས་ཅན་སྙིང་པོ་གང་དག་དང་ཐབས་གཅིག་ཏུ་ངའི་ཐུད་དུ་འོངས་པའི་མ་ག་དྷཱའི་བྲ་མི་ཟེ་དང་ཁྱིམ་བདག་འདི་དག་ཉིད་ཡིན་ནོ།།དགེ་སློང་དག
76a7 རི་ལ་གནས་པའི་དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི།དགེ་སློང་མོའུ་འགལ་གྱི་བུ་ཆེན་པོ་འདི་ཉིད་ཡིན་ཏེ།དེའི་ཚེ་དེའི་དུས་ན།དྲང་སྲོང་དུ་གྱུར་ཏོ།།གང་གིས་དེའི་དྲུང་དུ
iiif viewer powered by OpenSeadragon
75b - 76b