e-texts navigator
Collection
Volume
Page
Wylie

75b1 དང་རིན་པོ་ཆེའི་ཆར་པུས་མོ་ནུབ་ཙམ་གྱིས་གཡོགས་པར་གྱུར་ཏོ།།ལྷ་དང་མི་རྣམས་ཀྱིས་འབྱོར་པ་བསམ་གྱིས་མི་ཁྱབ་པར་གྱུར་པ་དེ་རྣམས་མཐོང་བ་དང་།ངོ་མཚར་དུ་གྱུར་ཅིང་རྨད་དུ།
75b2 བྱུང་བ་སྐྱེས་ཏེ།ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ།ེ་མའོ་རྒྱལ་པོ་དཔལ་གྱི་སྔའི་བསོད་ནམས་ཀྱི་སྟོབས།ེ་མའི་ངོ་མཚར་ཆེའོ།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷ་བརྒྱ་སྟོང་དུ
75b3 མ་དང་ཐོབས་གཅིག་ཏུ་བྱང་ཆུབ་སེམས་དཔའ་ཡང་དག་པར་དགའ་བར་བྱས་ནས་རང་གི་གནསུ་སོང་ངོ་།།རི་ལ་གནས་པའི་དྲང་སྲོང་དེ་ཡང་འཁོར་ལྔ་བརྒྱ་དང་།བྱང་ཆུབ་སེམས
75b4 དཔའ་ལ་མངོན་པར་བསྟོད་དོ།།བསྟི་གནས་ཉིད་དུ་སོང་ངོ་།།དེ་ནས་བྱང་ཆུབ་སེམས་དཔས་སྐྱེ་བོའི་ཚོགས་ཆེན་པོས་མངོན་པར་བཏུད་ཅིང་ཡུན་རིང་དུ་ཆོས་ཀྱི་རྒྱལ་པོ་བྱེད་པར་གྱུར་ཏོ།།
75b5 འཛམ་བུ་གླིང་གི་དམན་པ་དང་།ལོང་བ་དང་།བཀྲེན་པ་དང་།སྡུག་ཕོངས་པ་ཐམས་ཅད་ནོར་གྱིས་ཚིམ་པར་བྱས་ནས།དགེ་བ་བཅུའི་ལས་ཀྱི་ལམ་ལྔ་བཞག་སྟེ།འདོད་པ་ན
75b6 སྤྱོད་པའི་ལྷ་དྲུག་ཀུན་དགའ་བར་བྱས་ནས།དུས་གཞན་ཞིག་གི་ཚེ།སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་དང་ལྷན་ཅིག་ཏུ་དུས་བྱས་ཏེ།དགའ་ལྡན་གྱིས་ལྷའི་རིས་སུ་སྐྱེས་བཅོམ
75b7 ལྡན་འདས་ཀྱིས་བཀའ་སྩལ་པ།དགེ་སློང་དག་དེའི་ཚེ་དེའི་དུས་ན།རྒྱལ་པོ་དཔལ་གྱི་སྔ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙ་མོ་དུ་ཐེ་ཙོམ་འམ།ཡིད་གཉི་སུ་གྱུར་ན་ཁྱེད་རྣམས་ཀྱིས




iiif viewer powered by OpenSeadragon

75a - 76a

Texts on this page

N336 - dpal gyi sde'i rtogs pa brjod pa