e-texts navigator
Collection
Volume
Page
Wylie

575b1 བསྒོམ་པར་བྱ་བ་དང་མང་དུ་བྱེད་པ་དང་།ཞི་བར་བྱེད་པ་དང་གཞིར་བྱེད་པ་དང་རྗེསུ་གནས་པར་བྱེད་པ་དང་འདྲིས་པར་བྱ་བ་དང་ཤིན་ཏུ་བརྩོན་པར་བྱའོ།།བཅུ་གཅིག་པོ་རྣམས་ཀྱི
575b2 ཕན་ཡོན་རྣམས་སོ་སྔོར་བཤད་ཟིན་ཏོ།།དགེ་སློང་དག་གཞན་ཡང་བྱམས་པའི་ཕན་ཡོན་རྣམས་བཤད་པར་བྱའོ།།ཁ་ཟས་དུ་མ་ཐོབ་པ་དང་།།རང་གི་ཡུལ་དུ་ཉེ་བར་གནས།
575b3 མང་པོ་རྣམ་ནི་འཚོ་བ་ནི།།གང་གིས་བྱམས་པ་མ་སྤུངས་ནའོ།།གྲོང་རྡལ་གང་གང་འགྲོ་བ་དང་།།གྲོང་ཁྱེར་རྒྱལ་པོའི་ཕོ་བྲང་དང་།།ཐམས་ཅད་དུ་ནི་མཆོད་པར་འགྱུར།།གང་གི
575b4 བྱམས་པ་མ་སྤངས་ན།།དེ་ལ་ཆོམ་རྐུན་མི་འབྱུང་ཞིང་།།དེ་ལ་རྒྱལ་པོ་གནོད་མི་བྱེད།།སེམས་ཅན་ཐམས་ཅད་བ་ཤེསུ་འབྱུང་།།གང་གིས་བྱམས་པ་མ་སྤངས་ནའོ།།ཁྲོ་མེད་རང
575b5 ཡུལ་བདེ་བར་གནས།།སྐྱེ་བོའི་མདུན་སར་སྣོད་མེད་དགའ།།མཆོག་གི་མཉེན་དང་ལྡན་པར་འགྱུར།།གང་གིས་བྱམས་པ་མ་སྤངས་ནའོ།།མཆོད་ན་མཆོད་པ་ཐོབ་པར་འགྱུར།།
575b6 འདུད་ན་སོ་སོར་འདུད་པར་བྱེད།།སྙན་དང་གྲགས་པ་ཐོབ་པར་འགྱུར།།གང་གིས་བྱམས་པ་མ་སྤངས་ནའོ།།བཀུར་སྟི་བྱས་ན་བཀུར་སྟི་ཐོབ།།གུས་པར་བྱས་ན་གུས་པ་ཐོབ།།ཁ་དོག
575b7 གཟི་བརྗིད་ལྡན་པར་འགྱུར།།གང་གིས་བྱམས་པ་མ་སྤངས་ནའོ།།མེ་ལྟར་རབ་ཏུ་འབར་བྱ་ཡི།།ལྷ་ཡི་ལུས་དང་འདྲི་བར་འགྱུར།།དཔལ་དང་བྲལ་པོར་མི་འགྱུ་རོ།།གང་གིས




iiif viewer powered by OpenSeadragon

575a - 576a

Texts on this page

N352 - byams pa bsgom pa'i mdo