| | e-texts navigator
|
574a1 མཆོད་རྟེན་དང་བྱང་ཆུབ་ཀྱི་ཤིང་ལ་རིམ་གྲོ་བྱས་པ་དང་།སྐྱེད་མོས་ཚལ་བསྐྲུན་པ་དང་།ཟམ་པ་གཙུགས་པ་དང་།ལམ་བཙོས་པ་དང་།འགྲོན་ཁང
574a2 བྱས་པ་དང་།ཁྲོན་པ་བྱས་པ་དང་།བསྟན་པའི་བྱ་བ་བྱས་པ་དང་།ཆོས་ཀྱི་གནས་ལ་བྱི་དོར་བྱིས་པ་དང་།དྲི་དང་ཕྲེང་བ་ལ་སོགས་པས་མཆོད་པར་བྱེད་པ་དང་།གུས
574a3 པོར་བྱས་ནས་ཆོས་མཉོན་པ་དང་།ཁ་ཟས་ཙམ་བྷྱོ་སྟོན་པ་དགེ་འདུན་ལ་བཏོང་བ་དང་།ཕ་དང་མ་ལ་རྙེད་བཀུར་བྱེད་པ་དང་།རིགས་ཀྱི་གཙོ་བོ་ལ་རྙེད་བཀུར་བྱེད་པ་དང་།
574a4 གསོ་སྦྱོང་ལ་གནས་པ་ལ་ཁ་ཟས་སྟེར་བ་དང་།བློ་བུར་བའི་བཙུན་པ་ལ་སྦྱིན་པ་སྟེར་བ་དང་།བསོད་སྙོམས་པ་ལྀ་སྟེར་བ་དང་།།སྟེན་འབུལ་བའི་སྐྱེ་བོས་ཡང་དོག་པར
574a5 རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འགྱུརརོ།།ཐ་ན་མེ་ཏོག་སྙིམ་པ་གང་ཙམ་མམ།མར་མཾ་གཅིག་ཙམ་འབུལ་བ་འམ།གཞན་བསོད་ནམས་བྱེད་པ
574a6 རྣམས་ལ་རྗེ་སུ་ཡི་རང་བ་དང་།ལྷ་འམ་མི་རྣམས་ཀྱི་དགེ་བ་འདི་རྣམས་བྱེད་པ་ནི།དེའི་དུས་སུ་བྱོན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འགྱུར།
574a7 དེ་ལ་ཡང་དགེ་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འདོད་པ་རྣམས་ཀྱིས་སྨིན་པ་གཏོང་བ་དང་།ཚུལ་ཁྲིམས་བསྲུང་བ་དང་།གསོ་སྦྱོང་གི་ལས་བྱུང
iiif viewer powered by OpenSeadragon
573b - 574b