| | e-texts navigator
|
573b1 བ་དང་།ཆོས་ཀྱི་དང་པོ་ཐོབ་པ་དང་།ཆོས་ཀྱི་དང་པོ་མ་ཐོབ་པ་རྣམས་མཐོ་རི་སུ་སྐྱེ་བར་འགྱུར།།དེ་ལྟར་མཆོག་དང་ལྡན་པའི་བྱམས་པ་སུ་ཞིག་གིས་མི་མཐོང་།ང་ནི་མ་བསད་པ་དང་།།ཕ
573b2 བསད་པ་དང་།དགེ་སློང་མ་སུན་ཕྱུང་བ་དང་།དགེ་འདུན་གྱི་དབྱེན་བྱས་པ་དང་།འཚམས་མེད་པ་ལྔའི་ལས་བྱིས་པ་དང་།མཆོད་རྟེན་གཤིག་པ་དང་།བྱང་ཆུབ་ཀྱི་ཤིང་བཅད
573b3 པ་དང་།བྱང་ཆུབ་སེམས་དཔའ་བསོད་པ་དང་།དགེ་འདུན་གྱི་ཁ་ཟོས་བརླག་པར་བྱས་པ་དང་།ཤིན་ཏུ་སེར་སྣ་ཆེ་བོ་དང་།ལོག་པར་ལྟ་བར་ངེས་པ་དང་།འཕགས་པའི་གང་ཟག་ལ
573b4 བསྐུར་པ་འདེབས་པ་དང་།གཅེར་བུ་པའི་རིགས་ཏེ་དེ་རྣམས་ཀྱིས་མི་མཐོང་ངོ་།།ཆོ་གས་བཅང་སྟོང་ཕྲག་གཅིག་གིས་སོ་སོར་བརྒྱན་པ་འདི་ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ཆེན་པོ་ཉི་མ
573b5 གཅིག་ལ་སྐྱེ་བོ་རྣམས་ཀྱིས་བཤད་པ་དང་མཉམ་པ་དང་།མར་མེ་སྟོང་ཕྲག་གཅིག་གམ།སྟོང་ཕྲག་གཅིག་གི་མེ་ཏོག་ཕུལ་བ་འམ།སྟོང་ཕྲག་གཅིག་གི་ཨུཏྤ་པལ་སྔོན་པོའི་མེ་ཏོག
573b6 གམ།མཆོད་རྟེན་བྱེད་པ་འམ།སངས་རྒྱས་ཀྱི་སྐུ་གཟུགས་བྱེད་པ་འམ།དེ་ལ་མཆོད་པ་བྱེད་པས་ནི་བྱམས་པ་སངས་རྒྱས་པའི་དུས་སུ།དེའི་དྲུང་དུ་དང་པོའི་ཆོས་ཐོབ་ཅེས་སྐྱེ་བར་འགྱུར
573b7 རོ།།སེམས་ཅན་ལྷག་མ་རྣམས་ཀྱིས་སྦྱིན་པ་བྱིན་པ་དང་།ཚུལ་ཁྲིམས་བསྲུངས་པ་དང་།གཙུག་ལག་ཁོང་སྦྱངས་པ་དང་།བྱང་ཆུབ་ཀྱི་ཤིང་བཀྲུན་པ་དང་།མཆོད་རྟེན་བྱས་པ་དང་།
iiif viewer powered by OpenSeadragon
573a - 574a