| | e-texts navigator
|
333a1 བདག་ཀྱང་ཡོད།འདི་ལྟ་བུ་མི་གནས་པ་ཕལ་ཆེར་ནི་སྡུག་བསྔལ་མི་བདེ་བ་སྣ་ཚོགས་འབྱུང་དེའི་དུས་ན་རྒྱ་གར་དང་།རྒྱུ་མ་ཡིན་པ་རྒྱལ་པོ་ཆེན་པོ་གསུམ་འབྱུང་སྟེ།གསུམ།
333a2 ལ་ཡཱ་བ་ན་བ་དང་།བ་ལ་བཱ་དང་།ཤི་ཀུན་འདི་གསུམ་དམ་པའི་ཆོས་མི་སྤྱོད།དམག་འདྲེན་ཅིང་འཐབ་རྩེད།ནུབ་དང་བྱང་གི་ཡུལ་ཁམས་མང་ངོ་ཞིག་མེད་པར་བྱས།ཡུལ
333a3 ཁམས་དེའི་མཆོད་རྟེན་དང་།གཙུག་ལག་ཁང་པ་ཤིག་མེས་བཏང་།མཆོད་པའི་ཡོ་བྱད་དང་།དཀོན་མཆོག་གི་དཀོར་ལོ་སོགས་པ་ཕྲོགས་བཅོམ།རྒྱལ་པོ་འདི་གསུམ
333a4 གཅིག་ལ་གཅིག་གནོད་པ་སྣ་ཚོགས་ཀྱིས་འཐབ་མོ་བྱེད།གསུམ་ཅར་གྱི་རྒྱལ་སྲིད་མི་བདེ་བར་འགྱུར།དེ་ནས་རྒྱལ་པོ་འདི་གསུམ་མཇལ་དུ་མ་སྟེ།སྲིད་གཅིག་ཏུ་བྱས་དམག
333a5 མང་པོ་འདུས་ནས།རྒྱ་གར་གྱི་ཡུལ་ཡུལ་འགའ་འོགའི་ཚུ་རོལ་འགན་དྷ་ར་དང་།མ་ཧ་དེ་ཤ་ལ་སོགས་པའི་ཡུལ་ཕྲོགས་ནས་བཟུང་།དེའི་དུས་ན་འགའ་འགའི་ཕ་རོལ་ལྷོ
333a6 ཕྱོགས་ན།ཀོའུ་ཤ་བིའི་ཡུལ་ན།རྒྱལ་པོ་མ་ཧེ་ན་འདྲ་སེ་ཞེས་བྱ་བ་དེ་ལ་བུ་ཞིག་འབྱུང་བ་དེའི་མིང་ནི་ཏུ་པྲ་ས་ཧ་ཞེས་བྱ་བ་ཞིག་འབྱུང་སྟེ།སྤྲིན་མཚམས་ན་ལྕགས་ཀྱི་སྨེ་བ་ཞིག
333a7 ཡོད་པ།བུ་མོ་མན་ཆད་ཁྲག་གིས་བསྐུས་པ་ཞིག་འབྱུང་བ་དེ་དག་དང་ལྷན་ཅིག་ཏུ།བློན་པོ་ལྔ་བརྒྱལ་བུ་འབྱུང་བ་ཡོད།རིལ་གྱིས་ལག་པ་ཁྲིག་མ་ཚན་ཚང་ཁྲག་ཅན་དུ་འགྱུ
iiif viewer powered by OpenSeadragon
332b - 333b