| | e-texts navigator
|
332a1 སྤྱོད་པའི་སེམས་ཅན་རྣམ་པར་གྲོལ་བ་མྱང་དུ་འགྱུར།དེ་ནས་ལོ་ལྔ་བརྒྱའི་བར་དུ་ཏེངེ་འཛིན་སྤྱོད་པ་མང་དུ་འགྱུར།རྒྱལ་པོ་དང་།སེམས་ཅན་ཕལ་པོ་ཆེ་དམ་པའོ།།
332a2 ཆོས་ལ་དད་ཅིང་།སྤྱོད་པ་ཡང་ཕྱོ་ཞིང་ཉུང་བར་འགྱུརརོ།།དེ་ནིས་ལོ་རྫ་རྒྷའི་བར་དུ་དམ་པའི་ཆོས་སྟོན་ཅིང་།སེམས་ཅན་འདྲེན་པ་དང་།ཐར་པར་བྱེད་པའི་སློབ་དཔོན་མང་དུ
332a3 འབྱུང་།ཉན་ཐོས་ཀྱི་དགྲ་བཅོམ་པ་ནི་ཉུང་བར་འགྱུརརོ།།རྒྱལ་པོ་དང་།སེམས་ཅན་ཕལ་གྱི་རྣམས་ཀྱང་ཉན་པར་ཙམ་དུ་ཟད་ཀྱི།ཉམ་སུ་ལེན་ཅིང་སྤྱོད་པ་འམ།བརྩོན་འགྲུས
332a4 ནི་མི་བྱེད།དད་པ་འབྲི་བར་འགྱུར་རོ།།དམ་པའི་ཆོས་ཀྱི་སྲུངས་མ་དག་ཀྱང་མི་དགའ་བར་འགྱུར་ཏེ།དམ་པའི་ཆོས་ལ་མ་དད་པ་རྣམས་ནི་སྟོན་པས་མཐུ་དང་སྟོབས་སྐྱེསོ།།འཛམ་བུ།།
332a5 གླིང་གི་མེའི་རྒྱལ་པོ་རྣམས་ཀྱང་ཕན་ཚུན་གཅིག་ལ་གཅིག་དམག་འདྲེན་ཅིངའཁྲུག་པར་འགྱུར་རོ།།དེ་ནས་ཡང་ལོ་ལྔ་བརྒྱའི་ཚེ།ལོ་གསུམ་བརྒྱ་ནི།དམ་པའི་ཆོས་སྤྱོད་པའི
332a6 ཀླུ་ལ་སོགས་པ།སེམས་ཅན་སྲུངས་མ་རྣམས་མི་གནས་ཤིང་།སེམས་ཅན་ཆོས་ལ་མི་དད་པར་འགྱུར།སེམས་ཅན་ཆོས་སྤྱོད་པ་རྣམས་ཀྱང་ཆོས་ཀྱི་གཞུང་བཞེན
332a7 མི་སྨད།བརྩོན་འགྲུས་ཆུང་བས་གྲུབ་པ་ཡང་ཉུང་བར་འགྱུར།།ཁ་དོག་བཞི་དང་བཞི་ལས་གྱུར་པ་ཡང་དྲི་དང་རོ་ལ་སོགས་པ་ཆུང་བར་འགྱུརརོ།།མི་ནང་ཕྱུགས་ནད་དང་མུ་གེ་ཡང
iiif viewer powered by OpenSeadragon
331b - 332b