| | e-texts navigator
|
331b1 གསོལ་པ།འོད་ཟེར་དེ་ལྟ་བུ་ཅིའི་དོན་དུ་མཛད་པ་ལགས་ཤེས་པ་ལས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ང་མྱ་ངན་ལས་འདས་པའི་འོག་ཏུ་གླེང་གཞི་དངས་དམ་པའི་ཆོས་ཀྱི་གསུང
331b2 རབ་དང་།རིང་བསྲེལ་དང་།གཟུགས་བརྙན་འདི་ལྟ་བུ་དག་འབྱུང་སྟེ།འདི་ཁྱོད་ཀྱི་ལག་ཏུ་བཏང་དོ་སྤོངས་ཤིག།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོས
331b3 ཞུས་པ།བཅོམ་ལྡན་འདས་འདི་ལྟ་བུ་རྫུ་འཕྲུལ་ཆེན་པོས།བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ།དམ་པའི་ཆོས་རྒྱལ་པོ་ལ་གཏོད་པ་ཐུགས་རྗེ་ཆེ་བ།སྔ་མ་འདས་པའི
331b4 སངས་རྒྱས་མྱ་ངན་ལས་འདས་པ་ནས།དགུང་ལོ་བདུན་ལགས་ནས།དམ་པའི་ཆོས་ཀྱི་གཟུགས་བརྙན་ནུབ་ན།བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི
331b5 ཆོས་ཇི་ཙམ་གྱི་བར་དུ་གནས་པར་འགྱུར།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འདི་ལྟ་བུའི་ཐེ་ཚོམ་ཞུས་པ་ལེགསོ་ལེགས་སོ།།ཉོན་ཅིག་དང་ངས་བཤད་དོ།།ང་མྱ
331b6 ངན་ལས་དངས་ནས།དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་གནས་པར་འགྱུརརོ།།བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོས་གསོལ་པ།བཅོམ་ལྡན་འདས་དམ་པའི་ཆོས
331b7 འདི་ཐ་མར་ཇི་ལྟར་ནུབ་པར་འགྱུར།རྒྱུ་ཅི་ལས་ཉམས།སུས་མ་མཆིས་པར་དགྱིད།བཀའ་སྩལ་པ།ང་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ལྔ་བརྒྱའི་བར་དུ།ངའི་བསྟན་པ
iiif viewer powered by OpenSeadragon
331a - 332a