e-texts navigator
Collection
Volume
Page
Wylie

331a1 སྔོན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རོ་ཁནྡྲ་ཅག་གི་སྟེང་ན་བཞུགས་ཏེ།དེའི་ཚེ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་དང་།
331a2 བཅས་པ་དང་།དགྲ་བཅོམ་པ་དང་།ལྷ་དང་།།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་།མི་འམ་ཙོ་དང་།ལྟོ་འཕྱེ་ཆེན་པོ་དང་།ན་མཁའ་ལྡིང་དང་།བདུད
331a3 སྡིག་ཅན་ལ་སོགས་པ་མཐུ་བོ་ཆེ་ཐམས་ཅད་ཚོགས་པ་དེའི་དུས་ན།སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྨིན་མཚམས་ནས།འོད་གཟེར་ཤར་གྱི་ལུས་འཕགས་དང་།
331a4 ལྷོའི་འཛམ་བུའི་གླིང་དང་།ནུབ་ཀྱི་བ་ལང་སྤྱོད་དང་།བྱུང་གི་སྒྲ་མི་སྙན་པ་དང་།གླིང་འདི་བཞི་འོད་ཟེར་ཀུན་ཏུ་ཁྱབ་པར་བཀྲམ་སྟི།འོད་གཟེར་བཏང་བ་དེ་ནི་ཆེ།རིམ་རོ་ང
331a5 ལ་སོགས་པ།རི་ཆེན་པོ་དང་།རི་དང་ནགས་ཆེལ་དང་།སྤྱན་ལྗོངས་རེ་སུལ་གྲག་གྲོགས་ཀུན་ལ་ཡང་སྣང་བར་སྙོམ་སྟེ།ལག་མཐིལ་དང་འདྲ་བར་གླིང་བཞི་གཅིག་ཅང་སྣང་བར
331a6 གསལ་བར་གྱུར།འོད་གཟེར་དེ་དག་ལས་སངས་རྒྱས་ཕལ་པོ་ཆེའི་སྐུ་གཟུགས་ཁ་དོག་དང་དབྱིབས་སྣ་ཚོགས་དང་བཅས་ཕལ་པོ་ཆེ་བྱུང་བ།བྱང་ཆུབ་སེམས་དཔའ་དང་།ལྷ
331a7 དང་།ཀླུ་ལ་སོགས་པ་སེམས་ཅན་ཀུན་གྱིས་མཐོང་སྟེ།ངོ་མཚར་དུ་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ།བེ་ཤིར་མན་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞིས




iiif viewer powered by OpenSeadragon

330b - 331b

Texts on this page

N343 - 'phags pa zla ba'i snying pos zhus pa'i mdo las sangs rgyas kyi bstan pa gnas pa dang 'jig pa'i tshul lung bstan pa