e-texts navigator
Collection
Volume
Page
Wylie

303a1 བྱེད་དུ་གཞུག་པར་བསྐུལ་བར་སྨྲའོ།།བྱང་ཆུབ་སེམས་དཔའ་དགེ་སྦྱོང་གསོལ་པ།བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ལ་ཐམས་ཅད་བག་མེད་པ་ལ་མི་གནས་བྱུཪྻ
303a2 བསྐུལ་བར་སྤྲོའོ།།བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟོད་པས་གསོལ་པ།བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་ལ་ཟད་མི་ཤེས་པའི་དབྱིངས་ཀྱི་དོན་མཐོང་བར་བསྟན་པར་སྤྲོའོ།།
303a3 བྱང་ཆུབ་སེམས་དཔའ་ཟླ་འོད་བུས་གསོལ་པ།བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བདེ་བའི་སྦྱིན་པ་བགྱི་བར་སྤྲོའོ་ཞེས།བྱང་ཆུབ་སེམས་དཔའ་དེ
303a4 དོག་སོ་སོ་ནས་དམ་བཅས་སོ།།བྱང་ཆུབ་ཡོངསུ་བརྒྱན་ཅིང་།སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བ་དང་།སངས་རྒྱས་ཀྱི་བཀའ་དྲིན་དྲན་ཞིང་།སངས་རྒྱས་ཀྱི་བཀའ
303a5 དྲིན་བསབ་པའི་ཕྱིར།བསྟན་ལོས་སངས་ནས་ཐུལ་མོ་སྦྱར་བ་བཏུད་དེ།སངས་རྒྱས་མདོ་སྡེ་འདི་བདག་ཅག་ལ་བརྗོད་དུ་གསོལ།ཞེས་གསོལ་ཏོ།།དེའི་ཚེ་ཚེ་དང
303a6 ལྡན་པ་ཀུན་དགའ་བོས།འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་མདོ་སྡེ་འདིའི་མཚན་ཅི་ཞེས་བགྱི།ཇི་ལྟར་ཡོངས་སུ་གཟུང་བཅོམ་ལྡན་འདས་ཀྱིས་ཀུན
303a7 དགེའ་བོ་ལ་བཀའ་སྩལ་པ།མདོ་སྡེ་འདིའི་མིང་དགེ་བའི་དངོས་པོ་ཀུན་བསྡུ་བ་ཞེས་ཀྱང་བྱ།ཐབས་མཁས་པ་ཆེན་པོ་ཞེས་ཀྱང་བྱ།དགོངས་པ་དམ་པའི་སྤྱོད་པ་ཞེས




iiif viewer powered by OpenSeadragon

302b - 303b

Texts on this page

N340 - thabs mkhas pa chen po sangs rgyas drin lan bsab pa'i mdo