e-texts navigator
Collection
Volume
Page
Wylie

302b1 གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྡེང་ས་ལ་ཙུགས་ཐལ་མོ་སྦྱར་བ་བཏུད་ནས་སངས་རྒྱས་ཀྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་ཅག་གིས་སླད་མའི་དུས་ངན་པའི
302b2 ཆེ།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་བསྲུང་ཞིང་དམ་པའི་ཆོས་གཟུངསུ་བཟུང་སྟེ།སེམས་ཅན་མང་པོ་ལ་ཕན་པའི་དོན་བྱེད་པར་སྤྲོའོ།།དེ་ནས་བྱང་ཆུབ་སེམས་དཔའ
302b3 སེང་གེས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་ཀྱང་ཐབས་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཡོངསུ་བསྡུ་བར་སྤྲོའོ།།བྱང་ཆུབ་སེམས་དཔའ་རྡོ་རྗེས་གསོལ་པ།སེམྦྷ་སྭཱ
302b4 གང་ངན་འགྲོ་གསུམ་དུ་ལྟུང་བར་གྱུར་པ་དག་བདག་གིས་ཅི་ནས་ཀྱང་མི་ལང་བར་བགྱི་བར་སྤྲོའོ།།བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་གསལ་བ།སེམས་ཅན་གྱི་རྣམས་ཅི་དང་ཅི
302b5 འདོད་པ་བདག་གིས་ཐམས་ཅད་ཡོངསུ་རྫོགས་པར་བགྱི་བར་སྤྲོའོ།།བྱང་ཆུབ་སེམས་དཔའ་ཡེ་ཤེས་རྒྱལ་མཚན་གྱིས་གསོལ་པ།བདག་གིས་ནི་སེམས་ཅན་རྣམས་ལ་ཡིས་ཆེན་པོའི་ཆོས་ཀྱི
302b6 རྒྱལ་མཚན་སྦྱིན་པར་བགྱི་བར་སྤྲོའོ།།བྱང་ཆུབ་སྲེདའི་ཆོས་ཀྱི་རྒྱལ་མཚན་གྱིས་གསོལ་པ།བཅོམ་ལྡན་འདས་བདག་གིས་ནི་སེམས་ཅན་རྣམས་ལ་ཆེས་ཡོངསུ་སྦྱིན་པར་སྤྲོའོ།།བྱང་ཆུབ་སོདེའི་ཉི
302b7 འོད་ཀྱིས་གསོལ་པ།བཅོམ་ལྡན་འདས་བདག་གིས་ནི་སེམས་ཅན་རྣམས་ལ་བདེ་བ་སྦྱིན་པར་སྤྲོའོ།།བྱང་ཆུབ་སེདེའི་ཟླ་འོད་ཀྱིས་གསོལ་པ།བཅོམ་ལྡན་འདས་བདག་ནི་སོན་རྣམས་ལ་བསོད་ནམས་ཀྱི་ལུ




iiif viewer powered by OpenSeadragon

302a - 303a

Texts on this page

N340 - thabs mkhas pa chen po sangs rgyas drin lan bsab pa'i mdo