e-texts navigator
Collection
Volume
Page
Wylie

431b1 ཉེ་བར་བཞག་པར་བྱ་བ་དང་།སྐབས་སྐབསུ་ཕྱི་བདར་བྱ་བ་དང་།མཁར་གསིལ་གྱི་མགོ་ཡ་ཡོ་མེད་པར་བྱ་བ་དང་།བསོད་སྙོམས་ལ་འགྲོ་བའི་ཚེ་དགེ་ཚུལ་ལམ་ཁྱིམ་པ་ལས་བྲལ་བར་མི་བྱ་བ་དང་།ནད་པའི་སར།
431b2 མཚན་མོ་གནས་ན་འཁར་གསིལ་བསྐུར་བར་བྱ་བ་དང་།ལམ་རིང་པོར་སྐྱེལ་དུ་འགྲོ་ན་འཁར་གསིལ་བསྐུར་བར་བྱ་བ་དང་།ལམ་རིང་པོ་ནཱ་འགྲོན་དུ་གཉེར་བ་ཡོད།དེར་འགྲོ་ཞིང་འདུག་དགོས
431b3 པར་གྱུར་ན་འཁར་གསིལ་བསྐུར་བར་བྱ་བ་དང་།གཤེད་དུ་འགྲོ་དགོས་པར་གྱུར་ན་འཁར་གསིལ་བསྐུར་བར་བྱ་བ་དང་།བདག་གི་དྲུང་དུ་བསྙེན་པར་བྱ་བའི་ཕྱིར་གཞན་ལ་རེག་ཅིང་ས་ལ་རི་མོ་བྲིབ་བྱོའོ།
431b4 འཁར་གསིལ་འཆང་ཤྲཱི་ཀུན་ཏཱ་སྤྱོད་པའི་ཆོ་ག་རྫོགསོ།།།།རྒྱ་གར་ད་དུ།དྷརྨ་ཙཀྲ་སུ་ཏྲ།བོད་སྐད་དུ།ཆོས་ཀྱི་འཁོར་ལོའི་མདོ།།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།འདི
431b5 སྐད་བདག་གིས་ཐོས་པའི་དུས་གཅིག་ན།སངས་རྒྱས་བཅོམ་ལྡན་འདས་བ་ར་ཎཱ་སི་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ན་བཞུགས་ཏེ་དེ་ནས་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ
431b6 སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ།འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེསོ།།ཤེས་པ་དང་གྱི
431b7 པ་དང་བློ་དང་རྟོགས་པ་སྐྱེ་སོ།།དགེ་སློང་དག་ཟླ་སྔོན་མ་ཐོས་པའི་ཆོས་རྣམས་ལ།འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།།འདི་ནི་སྡུག་བསྔལ་འགོག་པའོ།།འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ




iiif viewer powered by OpenSeadragon

431a - 432a

Texts on this page

N321 - 'khar gsil 'chang ba'i kun tu spyod pa'i cho ga
N322 - chos kyi 'khor lo'i mdo