| | e-texts navigator
|
430b1 འཁར་གསིལ་ཡང་དག་པར་ལེན་པར་འདོད་པས།བཙུན་པ་ཞིག་གི་དྲུང་དུ་པུས་མོ་བཙུགས་ཏེ་འདི་སྐད་དུ་བྱའོ།།བཙུན་པ་དགོངས་སུ་གསོལ།བདག་མིང་འདི་ཞེས
430b2 བགྱི་བ་དང་བཙུན་པ་ལས་འཁར་གསིལ་འཆང་བའི་སློབ་དཔོན་དུ་གསོལ་ལོ་ཞེས་གསུམ་དུ་བཟླས་པར་བྱའོ།།དེས་ཀྱང་འདི་སྐད་དུ་དགོངས་ཤིག།ཚེ་དང་ལྡན་པ་ཁྱོད་བླ་ན
430b3 མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་འཁར་གསིལ་ཡང་དག་བླངས་ཏེ་ཆོས་བཞིན་དུ་སྤྱོད་པར་བྱེད་དམ།ལག་པ་ཡོངས་སུ་མི་གཙང་བས་དེ་གཟུང་བར་མི་བྱ།།དགེ
430b4 འདུན་གྱི་གནས་སུ་འཇུག་པའི་ཚེ་མགོ་དང་མ་རྩེ་དབྱུང་བར་བྱས་ཀྱི་བཞོག་པར་མི་བྱ།གྲལོ་ཏེ་ཁྱིམ་པའི་ཁྱིམ་དུ་འཇུག་ན་མ་རྩེ་རྒྱབ་ལོགས་སུ་བསྟན་པར་བྱ།གལ་ཏེ
430b5 སྔ་དྲོ་ཁྱིམ་པའི་ཁྱིམ་དུ་བསོད་སྙོམས་ལ་འགྲོ་དགོས་པའི་རྐྱེན་ཚོགས་བྱུང་ན་འཁར་གསིལ་ལན་གསུམ་དུ་དཀྲོལ་བར་བྱའོ།།ལན་གསུམ་དུ་དཀྲོལ་ཏེ་མ་འོངས་ན་ལན
430b6 ལྔའོ་བར་དུ་དཀྲོལ་བར་བྱའོ།།ལན་ལྔའི་བར་དུ་དཀྲོལ་ཏེ་མ་འོངས་ན་ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ།།ལན་བདུན་གྱི་བོར་དུ་དཀྲོལ་ཏེ་མ་འོངས་ནི་ཁྱིམ་གཞན་དུ་ལྡན
430b7 བདུན་གྱི་བར་དུ་དཀྲོལ་བར་བྱའོ།།ཁྱིམ་བདུན་གྱི་བར་དུ་ཕྱིན་ཏེ་ཆོག་པར་གྱུར་ནའང་དེར་ཟས་ཀྱི་བྱ་བ་བྱའོ་ཞེས་ལན་གསུམ་གྱི་བར་དུ་བཟླས་པར་བྱའོ།།འཁར་གསིལ་བཅད
iiif viewer powered by OpenSeadragon
430a - 431a