e-texts navigator
Collection
Volume
Page
Wylie

420a1 འདྲི་ནག་བཅོཾ་ལྔ་ལ་ཟླ་བ་ཕྱེད།།ཞག་སུམ་ཅུལ་ཟླ་བ་ཅིག།ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།།ཚུལ་ངེས་བྱིས་པའི་མཉེས་སྟོང་གང་ཡིན་པ་དེ་ནི་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཆའི་ཚད་ཡིན།།རྨ
420a2 ཚུལ་གྱིས་རྩིས་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་།ལོ་སྟོང་ཕྲག་བཅུ་བཞི་ཡོད།རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན
420a3 ཅིག་གནས་ང་ནི་ལུས་དང་བྲལ་ན་འཐབ་བྲལ་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ།གནས་འཇོག་ངས་འདི་ལས་དགོངས་ནས་ལྷའི་བདེ་བ་ལ་བརྟེན་ན་མིའི་རྒྱལ་སྲིད་དམན་ནོ་ནི
420a4 བཀའ་སྩལ་ཏོ།།གནས་འཇོག་གང་མི་རྣམས་ཀྱི་ལོ་པ་ནི་བརྒྱ་ལ་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ།ཉིན་ཞག་གཅིག་གི་ཚད་དེའི་ཞག་བཅོ་ལྔ་ལཱ་ཟླ་བ་ཕྱེད།ཞག་སུམ་ཅུ་ལ་ཟླ་བ་གཅིག་ཟླ་བ
420a5 གཉིས་ལ་ལྀ་གཅིག་སྟེ།ཇི་ལྟར་ལོར་རྩིས་པའི་ཚུལ་གྱིས་ལྷའི་ལ་བཞི་སྟོང་གང་ཡིན་པ་དེ་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ།།མིའི་ཚུལ་གྱིས་ཀྱིས་ན་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་།ལྀ་བརྒྱ
420a6 བྲག་སྟོང་དྲུག་ཅུ་ཡོང།གནས་འཇོག་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ནི་ལུས་དང་བྲ་ལན་དགའ་ལྡན
420a7 གྱི་ལྷ་རྣམས་དང་སྐལ་བ་མཉམ་དུ་སྐྱེ་བ་དེ་ནི་གནས་ཡིན་ཏེ།གནས་འཇོག་ངས་འདི་ལས་དགོངས་ནས་ལྷའི་བདེ་བ་ལ་བརྟེན་ན་མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ།།གནས་འཇོག་གང་མི་རྣམས་ཀྱི་ལོ




iiif viewer powered by OpenSeadragon

419b - 420b

Texts on this page

N318 - 'phags pa gnas 'jog pa'i mdo zhes bya ba