| | e-texts navigator
|
419b1 དེས་རྩིས་པའི་ལྷའི་ལོ་ལྔ་བརྒྱ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ།།མིའི་ཚུལ་གྱིས་རྩིས་ན་ལོ་བརྒྱ་ཕྲག་དགུ་སྟོང་ཡོད་དེ།གནས་འཇོག།
419b2 རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ།འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ནི་ལུས་དང་བྲལ་ན་རྒྱལ་ཆེན
419b3 བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ།གནས་འཇོག་ངས་འདི་ལས་དགོངས་ནས་ལྷའི་བདེ་བ་ལ་བརྟེན་ན་མའི་རྒྱལ་སྲིད་དམན་ནོ་ཞེས
419b4 བཀའ་སྩལ་ཏོ།།མི་རྣམས་ཀྱི་ལོ་བརྒྱ་ལྔ་སུམ་ཅུ་རྩ་གསུམ་པོ་རྣམས་ཀྱི་ཉིན་ཞག་གཅིག་སྟེ།ཉིན་ཞག་གི་ཆད་དེའི་ཞག་བཅོ་ལྔ་ལ་ཟླ་བ་ཕྱེད།ཞག་སུམ་ཅུ་ལ་ཟླ་བ་གཅིག།ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།
419b5 ཚུལ་དེས་རྩིས་པའི་ལྷའི་ལོ་སྟོང་གང་ཡིན་པ་དེ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ།།མིའི་ཚུལ་གྱིས་རྩིས་ན་ལོ་བྱེ་བ་ཕྲག་གསུམ་དང་།ལོ་བརྒྱ་ཕྲག་སྟོང་དྲུག་ཅུ་ཡོད་དེ།རིགས་ཀྱི་བུའམ།རིགས
419b6 ཀྱི་བུ་མོ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ནི་ལུས་དང་བྲལ་ན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ།གན
419b7 འཇོག་ངས་འདི་ལ་དགོངས་ནས།ལྷའི་བདེ་བ་ལ་བརྟེན་ན་མིའི་རྒྱལ་སྲིད་དེ་མིན་ནོ་ཞེས་བཀའ་སྩལ་ཏོ།།གནས་འཇོག་གང་མི་རྣམས་ཀྱི་ལོ་ཉིས་བརྒྱ་ལ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ།ཉིན་ཞག་གི་ཆ་མ
iiif viewer powered by OpenSeadragon
419a - 420a