e-texts navigator
Collection
Volume
Page
Wylie

418b1 ངའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་དང་།སྦྱིན་པ་གཉིས་མཉམ་པ་མ་ཡིན་ཏོ།།གནས་འཇོག་དཔེར་ན་གང་ཛམྦུའི་གླིང་འདིར་དགྲ་བཅོམ་པ།ཟག་པ་ཟད་པ།བྱ་བ་བྱས
418b2 པ།བྱེད་པ་བྱས་པོ།ཁུར་བར་བྱ།བདག་གི་དོན་རྗེས་སུ་ཐོབ་པ།སྲིད་པར་སྦྱོར་བ་ཡོངས་སུ་ཟད་པ།ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་རྣམས་ཀྱིས
418b3 གང་བར་གྱུར་པ་དེ་དག་ལ་གང་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གཅིག་གིས་ཇི་སྲིད་འཚོའི་བར་དུ་འདི་ལྟ་སྟེ།ཡུལ་ཆེན་པོ་བཅུ་དྲུག་ལ་ཨད་ག་དང་།མེ་ག་དྷཱ་དང་།ཀོ
418b4 ས་ལ་དང་།ཀྲ་ཤི་དང་།བྲི་ཛི་དང་།མ་ལ་དང་།ཕུན་ཏྲ་དང་།སྲེག་པ་དང་།ཀཱ་མཱ་དང་།ེ་བན་ཏི་དང་།ཀུ་རུ་དང་།ལྔ་ལིན་དང་།བད་སཱ་དང་།དངུལ་སྡེ་དང་།ཡ་བ་ན་དང་།ཀམ་པ
418b5 རྣམས་སུ་འདི་ལྟ་སྟེ།རིན་པོ་ཆེ་རྡོ་རྗེ་དང་།མར་གང་དང་།པདྨེ་རཱ་ག་དང་།ིནྟེ་རྙིལ་དང་།མཐོན་ཀ་ཆེ་ན་པོ་དང་།ནོར་བུ་དང་།མུ་ཏིག་དང་།བཻ་ཌཱུརྱེ་དང་།ཤང་ཀ་ཤཻ་ལ་དང་།
418b6 བྱུ་རུ་དང་།དངུལ་དང་།ས་ལེ་སྦྲམ་དང་།རྡོའི་སྙིང་པོ་དང་།སྤུག་དང་།མུ་ཏིག་དམར་པོ་དང་།དུང་གཡས་སུ་འཁྱིལ་བ་རྣམས་བརྩོན་འགྲུས་ཀྱི་སྟོབས་ཀྱིས་བསྐྱེད་རྡུལ་ཅིང་དྲི་མ
418b7 ཆགས་ཆགས་སུ་ལག་མཐུས་བསྒྲུབས།ཆོས་དང་ལྡན་ཞིང་ཆོས་ཀྱིས་ཐོབ་པ་དེ་དག་དང་།ཡོ་བྱད་དང་།ཚེས་གོས་དང་།ཟས་དང་།མལ་ཆ་དང་།ནད་ཀྱི་རྐྱེན་གྱི་གསོས་སྨན




iiif viewer powered by OpenSeadragon

418a - 419a

Texts on this page

N318 - 'phags pa gnas 'jog pa'i mdo zhes bya ba