e-texts navigator
Collection
Volume
Page
Wylie

417a1 བརྒྱད་པ་འདྲིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ།།རྗེས་སུ་སྒྲུབ་བོ།རྗེས་སུ་བགྱིད་དོ།།དེ་ལྟར་ལན་གཉིས།དེ
417a2 ལྟར་ལན་གསུམ་དུའོ།།གནས་འཛག་འདི་ནི་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ཡིན་ཏེ།དེ་ལྟར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན
417a3 གནས་ལ་གནས་པ་ནི་ལྷ་དང་མིའི་འདོད་པ་ལ་ཉེ་བར་སྤྱོད་པར་འགྱུར་ཏེ།གནས་འཇོག་ཁྱོད་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པར་གྱིས་ཤིག།
417a4 ཆོ་འཕྲུལ་གྱི་ཕྱོགས་ལ་འདྲ་ནན་ཏན་གྱིས་བསྒྲུབས་ཤིག།ལྷ་དང་མི་རྣམས་ཀྱི་འདོད་པའང་སྤྱད་པར་གྱིས་ཤིག།གནས་འཛེག་ཇི་ལྟར་འཕགས་པའི་ཡན་ལག་བརྒྱད
417a5 དང་ལྡན་པ་ལ་གནས་པའི་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་དད་པ་དང་ལྡན་པོ་དེའི་བསོད་ནམས་འདི་ཙམ་མོ་ཞེས་བསོད་ནམས་སམ།བསོད་ནཱཾ་རྣཾས་ཀྱི་འབྲས་བུ་འམ།
417a6 བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཚད་གཟུང་བར་མི་ནུས་ཏེ།འོན་ཀྱང་བསོད་ནམས་ཀྱི་ཕུང་པོ་མང་ངོ་ཞེས་བྱ་བའི་གྲངས་སུ་འགྲོའོ།།གནས་འཇོག་དཔེར་ན་ཆུ་བ
417a7 ཆེན་པོ་ལྔ་པོ་གཅིག་ཏུ་གཞོལ་བར་འབབ་པ་ནི་འདི་ལྟ་སྟེ།གངྒཱ་དང་།ཡ་མུན་དང་།མཚོ་ལྡན་དང་།ཁྱིམ་ལྡན་དང་།ས་སྷོ།ཆུ་དེ་དག་ལ་འདི་ཙམ་མོ་ཞེས་ཆུ་འམ།ཆུ་བུམ་པ་བརྒྱ




iiif viewer powered by OpenSeadragon

416b - 417b

Texts on this page

N318 - 'phags pa gnas 'jog pa'i mdo zhes bya ba