e-texts navigator
Collection
Volume
Page
Wylie

416b1 མཚན་མོ་འདི་དང་།སང་ཉི་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤང་ཞིང་སྲོག་གཅོད་པ་ལས་སླར་ལྡོག་སྟེ།དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ།ངོ་ཚ་དང་ལྡན་ཞིང་སྙིང་རྗེ་དང་ལྡན་པར་བགྱིས
416b2 ལ་སེམས་ཅན་དང་།སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཚགས་ཕྲ་མོ་གྲོག་སྤུར་ཡན་ཆད་ཀྱི་སོག་གཅོད་པའང་སྤངས་ཏེ།སོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ།།ཡན
416b3 ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ།།རྗེས་སུ་སྒྲུབ་པོ།རྗེས་སུ་བགྱིད་དོ།།ཇི་ལྟར་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་མི་བྱན
416b4 པར་ལེན་པ་དང་།མི་ཚངས་པར་སྤྱོད་པ་དང་།བརྫུན་དུ་སྨྲ་བ་དང་།འབྲུའི་ཆང་དང་།བཙོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་།གླུ་གར་དང་།རོལ་མོའི་སྒྲ་དང་།།ཕྲེང
416b5 བ་དང་།སྤོས་ཉུག་པ་དང་།རྒྱན་དང་།ཁ་དོག་འཆང་བ་དང་།ཁྲི་སྟན་མཐོན་པོ་དང་།ཁྲི་སྟན་ཆེན་པོ་དང་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ།དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ།།
416b6 ཇི་ལྟར་འཕགས་པ་དག་བཅོམ་པ་དེ་དག་ཇི་སྲིད་འཚོའི་བར་དུ་དུས་མ་ཡིན་པོའི་ཁ་ཟས་སྤངས་ཏེ།དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ་བདག་ཆེ་གེ་མོའང་དུས
416b7 འདི་ནས་བཟུང་སྟེ།གང་དོ་ནུབ་ཀྱི་མཚན་མོ་འདི་དང་།སང་ཉི་མ་ཤར་གྱི་བར་དུ་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ།དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ།།ཡན་ལག




iiif viewer powered by OpenSeadragon

416a - 417a

Texts on this page

N318 - 'phags pa gnas 'jog pa'i mdo zhes bya ba