| | e-texts navigator
|
411b1 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་ལ་ཕྱག་འཚལ་ལོ།།ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བར་བྱེད་ན་སེམས་ཅན་དེ་དག་ངས་ཡོངས་སུ
411b2 བཟུང་ཞིང་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ།།སེམས་ཅན་དེ་རྣམས་ལ་ནི་ང་ཐུགས་ཁྲལ་ཆུང་བ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།ཀུན་དགའ་བོ་དི་ལྟར་དེ་བཞིན་གཤེགས་པའི་ཆོས
411b3 ཀྱི་དབྱིངས་ནི་ཤིན་ཏུ་རབ་ཏུ་གནས་པ་ཡིན་ནོ།།དེ་ཤིན་ཏུ་རབ་ཏུ་གནས་པའི་ཕྱིར་ཐལ་མོ་སྦྱར་བ་ཡང་ཆུད་ཟ་བར་མི་འགྱུར་ན་སྦྱིན་པ་ལ་སོགས་པ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས།ཀུན་དགའ
411b4 པོ་ལྟོས་ཤིག།སྐྱེས་བུ་ཞིག་ལ་རང་གི་གཟར་བུ་བཀྲུས་པ་ཙམ་མམ།ཕོར་བུ་བཀྲུས་པོ་ཙམ་པ་འམ།།ཕྲུ་ལྡོག་བཀྲུས་པ་ཙམ་གང་ཡིན་པ་དེ་འང་ཡོད་ལ།།གལ་ཏེ་དེ་འདི་སྙམ་དུ།འདི་ན
411b5 གནས་པའི་སྲོག་ཆགས་ཐམས་ཅད་འདིས་བདེ་བར་གྱུར་སྙམ་དུ་སེམས་ཤིང་གཏོར་ཁུང་དུ་འབོད་པར་བྱེད་ན་ཀུན་དགའ་བོ་འོན་ཀྱང་བསོད་ནམས་སྐྱེ་བའི་སྒོར་འགྱུར་བར་ང་སྨྲ་ན་མིར
411b6 གྱུར་པ་ལྟ་སྨོས་ཀྱང་ཅི་དགོས།ཀུན་དགའ་བོ་གསུམ་པོ་འདི་དག་ནི་བར་གྱི་བསྐལ་པ་དག་ཡིན་ནོ།།གསུམ་གང་ཞེ་ན།།མཚོན་གྱི་བར་གྱི་བསྐལ་པ་དང་།ནད་ཀྱི་བར་གྱི་བསྐལ་པ་དང་།མུ
411b7 གེའི་བར་གྱི་བསྐལ་པའོ།།ཀུན་དགའ་བོ་དེ་ལ་གང་གིས་ཉི་མ་གཅིག་ཅིག་སྲོག་གཅོད་པ་སྤོང་ཞིང་ཡང་དག་པར་བླངས་ཏེ།གནས་པར་བྱེད་ན་དེ་མཚོན་གྱི་བར་གྱི་བསྐལ་པར་མི་སྐྱེ་བར
iiif viewer powered by OpenSeadragon
411a - 412a