e-texts navigator
Collection
Volume
Page
Wylie

398b1 གང་གིས་སོགས་མིག་འཆིང་གཏུབས་ཏེ།།ཆིངས་མ་རྒྱུད་ཐག་བཅད་ནས་སུ།།ཡོངས་སུ་གདུང་སྤངས་སངས་རྒྱས་དེ།།བྲམ་ཟེ་ཡིན་པར་དུས་གསུངས་སོ།།གང་གིས་རྙེད་འདོད་སྡིག
398b2 ཅན་དང་།།སྲོག་མིག་ཆིངས་མ་གཏུབས་གྱུར་ཅིང་།།སྲིད་པ་རྩར་བཅས་དྲུངས་ཕྱུང་དེ།།བྲམ་ཟེ་ཡིན་པཱ་རངས་གོསུངས།།བརྩོན་པས་ཆུ་བོའི་རྒྱུན་བཅད་ཅིང་།།འདོད་པ་ཐམས་ཅད
398b3 རབ་བཅོམ་དང་།།འདུ་བྱེད་རྣམས་ཀྱི་ཟད་ཤེས་པ།།སྡིག་མེད་གླང་ཡིན་བྲམ་ཟེ་ཡིན།།ཕ་དང་མ་ནི་བསད་བྱས་ཤིང་།།རྒྱལ་པོ་གཙང་སྒྲོ་ཅན་གཉིས་དང་།།ཡུལ་འཁོར་འཁོར
398b4 དང་བཅས་བཅོམ་པ།།སྡིག་མེད་གང་ཡིན་བྲམ་ཟེ་ཡིན།།ཕ་དང་མི་ནི་བསད་བྱས་ཤིང་།།རྒྱལ་པོ་གཙང་སྦྲ་ཅན་གཽཉིས་དང་།།མི་བཟད་པ་ཡི་སྟག་བསད་པ།།སྡིག་མེད་གང་ཡིན་བྲམ
398b5 ཟེ་ཡིན།།གང་ཞིག་བྲམ་ཟེ་རྡེག་པ་བླུན།།སྐྲོད་པར་བྱེད་པ་དེ་ངན་པས།།བྲམ་ཟེ་རྣམས་ལ་བརྡེག་མི་བྱ།།བྲམ་ཟེ་བསྐྲད་པར་མི་བྱའོ།།གང་ཞིག་ཆོས་རྣམས་རྣམ་ཤེས་ནི།།རྒན་ནམ
398b6 ཡང་ན་གཞོན་ཡང་རུང་།།དེ་ལ་བཀུར་ཞིང་ཕྱག་བྱ་སྟེ།།བྲམ་ཟེ་གཙང་མས་མེ་བཞིན་ནོ།།གང་ཞིག་ཆོས་རྣམས་རྣམས་ཤེས་ནོ།།རྒན་ནམ་ཡང་ན་གཞོན་ཡང་རུང་།།དེ་ལ་བཀུར་ཞིང
398b7 བསྙེན་བཀུར་ཏེ།།བྲམ་ཟེ་གཙང་མས་མེ་བཞིན་ནོ།།གང་ཞིག་རྫོགས་པའི་སངས་རྒྱས་ཀྱིས།།བསྟན་པའི་ཆོས་རྣམས་རྣམ་ཤེས་ན།།དེ་ལ་བཀུར་ཞིང་ཕྱག་བྱ་སྟེ།།བྲམ་ཟེ་གཅིང




iiif viewer powered by OpenSeadragon

398a - 399a

Texts on this page

N311 - ched du brjod pa'i tshoms