e-texts navigator
Collection
Volume
Page
Wylie

398a1 གསུངས་སོ།།ཐུབ་པ་རྣམ་རྒྱལ་དྲང་སྲོང་ཆེ།།ཁྱུ་མཆོག་རབ་མཆོག་གླང་པོ་ཆེ།།བཀུར་མེད་ཁྲུས་བྱས་སངས་རྒྱས་དེ།།བྲམ་ཟེ་ཡིན་པར་ངས
398a2 གསུངས་སོ།།གང་ཞིག་སྲིད་འདས་ཀུན་ཟིལ་གནོམ།།ཆུ་བོ་ལས་རྒལ་རྣམ་པར་འདྲེ་ནི།།རྣམ་བྲལ་ཕ་རོལ་ཕྱིན་པ་དེ།།བྲམ་ཟེ་ཡིན་པར་ངེས་གསུངས་སོ།།སྡིག་ཅན་རྣམ་པར
398a3 མི་སེམས་ཤིང་།།མི་སྐམ་སྨྲ་བར་མི་བྱེད་པར།།འདུག་ནས་རྡུལ་བྲལ་སེམས་པ་དེ།།བྲམ་ཟེ་ཡིན་པར་ངསོ་གསུངས་སོ།།གང་ཞིག་ཕྱག་དར་ཁྲོད་འཆང་ཞིག།ངོ་ཚ་ཤེས་ཤིང
398a4 འདོད་མི་ལྟ།།ཤིང་དྲུང་དག་ཏུ་གནས་པོ་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གང་ཞིག་སྡུག་བསྔལ་ཀུན་སྤངས་ཕྱིར།།ཞི་བ་འཕགས་ལམ་ཡན་ལག་བརྒྱད།།དྲང་པོ་སྒོམ
398a5 པར་བྱེད་པ་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གང་ལ་ཆུང་ཟད་གནས་མེད་ཅིང་།།ཀུ་ནི་ཤེས་ཡིད་གཉིས་ཟློག་རྔུ་མེད།།འཆི་མེད་གོ་འཕང་མཐོང་བ་དེ།།བྲམ་ཟེ་ཡིན།
398a6 བར་ངས་གསུངས་སོ།།གང་ཞིག་ལུས་མེད་ཕུག་ན་གནས།།གཅིག་པུ་རྒྱུ་ཞིང་རིང་དུ་འགྲོ།གདུལ་བར་དཀའ་བའི་སེམས་འདུལ་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གང
398a7 ཞིག་གཟུགས་མེད་པ་ལྟར་མེད་མཐའ་ཡས་ལ།།ཤིན་ཏུ་བལྟར་མེད་ཕྲ་ཞིང་གཞིམ་དུ་རྟོགས།།རྟག་དྲན་ཀུན་སྦྱོར་ཟད་རྒྱུ་སངས་རྒྱས་པ།།འཇིག་རྟེན་འདི་ན་དེ་ནི་བྲམ་ཟེ་ཡིན།།




iiif viewer powered by OpenSeadragon

397b - 398b

Texts on this page

N311 - ched du brjod pa'i tshoms