| | e-texts navigator
|
397a1 ལམ་དང་ལྡམ་ཡིན་རྣམས་ལ་མཁས།།གང་ཞིག་དོན་མཆོག་རྗེས་ཐོབ་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།མི་ནི་གང་ཡང་རུང་བ་དག།སློངས་མོ་ཙམ
397a2 གྱིས་འཚོ་བ་དང་།།བདག་མེད་སུ་ལ་འང་གནོད་མི་བྱེད།།བརྟན་ལྡན་ཚངས་པར་སྤྱོད་པ་ཅན།།ཀུན་ཤེས་སྤྱད་ཕྱིར་ཆོས་སྟོན་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གང་ཞིག་འདོད
397a3 པ་ལེགས་སྤངས་ཤིང་།།ཁྱིམ་མེད་པར་ནི་རབ་བྱུང་སྟེ།།འདོད་པའི་ཟག་པ་ཡོངས་ཟད་དེ།།བྲམ་ཟེ་ཡིན་པོར་ངེས་གསུངས་སོ།།འགྲོ་བ་དང་ནི་གནས་པ་ཡི།།འབྱུང་པོ་ཆད་པས་མི་གཅོད
397a4 ཅིང་།།བསོད་མེད་བསོད་དུ་མི་འཇུག་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གང་ཞིག་མི་མཐུན་མཐུན་བྱེད་ཅིང་།།ཆད་པས་གཅོད་པ་དང་དུ་ལེན།།འབྱུང་པོ་རྣམས་ལ་བརྩེ་ཕན་དེ།།
397a5 བྲམ་ཟེ་ཡིན་པར་དུས་གསུངས་སོ།།སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར།།གང་ཞིག་འདོད་ཆགས་ཞེ་སྡང་དང་།།ང་རྒྱལ་འཆང་བར་འཇོམས་པ་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གླང
397a6 ཞིག་སྲེད་བའི་རྫོང་འདི་དང་།།ལ་ར་བའི་ཀླུང་ལསྔ་རབ་རྒལ་ཅིང་།།རྒལ་ནས་ཕྲ་རོལ་འགྲོ་བར་སེམས།།ཡིད་ཉིད་ཀྱིས་ནི་མི་བཀྲི་ཞིང་།།གང་ཞིག་ལེན་པ་ལས་ལོག་དེ།།བྲམ་ཟེ་ཡིན
397a7 པར་ངེས་གསུངས་སོ།།གང་ཞིག་འཇིག་རྟེན་འདི་དང་ནི།།ཕ་རོལ་ན་ཡང་སྲེད་མེད་ཅིང་།།སྲེད་པའི་སྲེད་པ་ཡོངས་ཟད་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གང་ཞིག་འཇིག་རྟེན་འདི
iiif viewer powered by OpenSeadragon
396b - 397b