e-texts navigator
Collection
Volume
Page
Wylie

396b1 སྡིག་ལ་མི་གནས་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།པདྨའི་འདབ་ལ་ཆུ་ལྟར་དང་།།སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར།།གྲང་ཞིག་འདོད་ལ་མི་གནས་ཏེ།།བྲམ་ཟེ་ཡིན་པར་ངས
396b2 གསུངས་སོ།།པདྨའི་འདེབ་ལ་ཆུ་ལྟར་དང་།།སྦྱང་བུའི་རྩེ་ལ་ཡུངས་ཀར་ལྟར།།སྲིད་ལ་དགའ་བ་ཡོངས་སྤངས་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།ཟླ་བ་དག་ཅིང་དྲི་མེད་ལ།སྐྱོན
396b3 བྲལ་རབ་ཏུ་དད་པ་ལྟར།གང་ཞིག་སྡིག་པས་མི་གོས་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།སྐྱོན་བྲལ་རབ་ཏུ་དད་པ་ལྟར།།གང་ཞིག་འདོད་པས་མི་གོས་ཏེ།།བྲམ་ཟེ་ཡིན་པར་ངས
396b4 གསུངས་སོ།།ཟླ་བ་དག་ཅང་དྲི་མེད་ལ།།སྐྱོན་བྲལ་རབ་ཏུ་དད་པ་ལྟར།།སྲེད་ལ་དགའ་བ་ཡོངས་སྤངས་ཏེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།འདམ་རྫབ་ཀྱིས་ནི་མཁའ་ལྟར་དང་།།
396b5 རྡུལ་གྱིས་ཟླ་བ་ཇི་ལྟ་བར།།གྲང་ཞིག་སྡིག་པས་མི་གོས་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།འདམ་རྩུབ་ཀྱིས་ནི་མཁའ་ལྟེར་དང་།།རྡུལ་གྱིས་ཟླ་བ་ཇི་ལྟ་བར།།གང་ཞིག་འདུག
396b6 པས་མི་གོས་དེ།།བྲམ་ཟེ་ཡིན་པར་རངས་གསུངས་སོ།།འདམ་རྫབ་ཀྱིས་ནི་མཁའ་ལྟར་དང་།།རྡུལ་གྱིས་ཟླ་བ་ཇི་ལྟ་བར།།སྲིད་ལ་དགའ་བ་ཡོངས་སྤངས་ཏེ།།བྲམ་ཟེ་ཡིན་པར་ངས་གསུ་སོ།།
396b7 གང་ཞིག་འདུག་ནས་རྡུལ་བྲལ་བ།།སེམས་ཤིང་ཟག་ཟད་བྱ་བ་བྱས།།དུལ་ཞིང་ལུས་མཐར་གནས་བདེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།ཤེས་རབ་ཟབ་ཅིང་ཡིད་གཞུངས་ལ།།




iiif viewer powered by OpenSeadragon

396a - 397a

Texts on this page

N311 - ched du brjod pa'i tshoms