e-texts navigator
Collection
Volume
Page
Wylie

396a1 གཞན་མི་གསྷོ།།དུལ་ཞིང་སྙིང་པོར་རབ་གནས་ལྔ།ཟག་ཟད་སྐྱོན་རྣམས་གསལ་བ་དེ།།བྲམ་ཟེ་ཡིནྡྲ་པར་དུས་གསུངས་སོ།།
396a2 གང་ཞིག་ཕ་རོལ་ཚུ་རོལ་དང་།།ཕ་རོལ་ཚུ་རོལ་གཉིས་མེད་ཅིང་།།ཆོས་རྣམས་ཀུན་གྱི་མཐར་ཕྱིན་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གང་ཞིག་ཕ་རོལ་ཚུ་རོལ་དང་།།ཕ་རོལ
396a3 ཚུ་རོལ་གཉིས་མེད་ཅིང་།།གང་ཞིག་གནས་གསུམ་མ་ཆགས་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གང་ཞིག་ཐུང་དང་རིང་བ་དང་།།ཕྲ་སྦོམ་དགེ་དང་མི་དགེ་དང་།།
396a4 འཇིག་རྟེན་ཅུང་ཟད་མི་ལེན་དེ།།བྲམ་ཟེ་ཡིན་པར་དུས་གསུངས་སོ།།གང་ཞིག་འདི་ཉིད་རབ་ཤེས་ཤིང་།།རང་གི་སྡུག་བསྔལ་ཟད་པ་དང་།།འདོད་ཆགས་བྲལ་ཞིང
396a5 མི་ལྡན་དོ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གླང་ཞིག་དག་དང་སྡིག་པ་དང་།།གཉིས་ཀ་ཡིས་ཀྱང་མི་གོས་པ།།གོས་མེད་རྡུལ་བྲལ་ཞི་བ་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།།
396a6 གང་ཞིག་དགེ་དང་སྡིག་པའི་ལས།།ཆགས་གང་ཡིན་དེ་རབ་འདས་ཤིང་།།ཆགས་ལས་རབ་འདས་རྣམ་གྲོལ་ན།།བྲམ་ཟེ་ཡིན་པར་ངེས་གསུངས་སུ།།གང་ཞིག་སྔོན་དང་ཕྱིན་མ་དང་།།
396a7 དབུས་ཀྱང་ཡོད་པ་མ་ཡིན་པ།།རྡུལ་བྲལ་འཆིང་བ་ལས་གྲོལ་ཏེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།པདྨའི་འདབ་ལ་ཆུ་ལྟར་དང་།།སྐྱང་བུའི་རྩ་ལ་ཡུངས་ཀར་ལྟར།།གང་ཞིག




iiif viewer powered by OpenSeadragon

395b - 396b

Texts on this page

N311 - ched du brjod pa'i tshoms