| | e-texts navigator
|
395b1 ཡི་མངལ་སྐྱེས་ནས།།གལ་ཏེ་འཛིན་པ་དང་བཅས་ནས།།དེ་མི་བྷུ་ཞེས་སྨྲ་བར་བསྟན།།བྲམ་ཟེ་ཡིན་པརང་མི་སྨྲ།།ཡོངས་སུ་འཛིན་ནཱད་ལེན་མེད་དེ།།བྲམ་ཟེ་ཡིན་པར་དུས་གསུངསོ།།
395b2 གང་ཞིག་ལུས་དང་ངག་དང་ནི།།ཡིད་ཀྱིས་ཉེས་བྱས་མི་བྱེད་ཅིང་།།གང་ཞིག་གནས་གསུམ་ལེགས་བསྡམས་ཏེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གང་གི་ཚིག་དག་མི
395b3 རྩུབ་ཅིང་།།གོ་བྱེད་ཡིད་འོང་སྨྲ་བ་དང་།།གང་གིས་ཉོན་མོངས་མི་སྐྱེད་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གང་ཞིག་གསོད་འཆིང་གཤེ་བ་དང་།།སྡང་བ་མིན་ལ་བརྗོད
395b4 བྱེད་དེ།།བཟོད་པའི་བརྟུལ་ཞུགས་སྟོབས་ཚོགས་ཅན།།བྲམ་ཟེ་ཡིན་པོ་རེ་ངས་གསུངས་སོ།།ཁྲོ་བ་མེད་ཅིང་ཚུལ་ཁྲིམས་ཅན།།བརྟུལ་ཞུགས་ལྡན་ཞིང་སེམས་ཁྲལ་མེད།།
395b5 དུལ་ཞིང་ལུས་མཐར་གནས་པ་དེ།།བྲམ་ཟེ་ཡིན་པར་ངས་གསུངསོ།།གང་ཞིག་རབ་བྱུང་ཁྱིམ་པ་དང་།།དེ་བཞིན་གོཉིསྐྱེ་ཀར་མི་འདྲེ་ཞིང་།།འདོད་ཆུང་ཁྱིམ་ནུས་མ་བྱུང་ངོ་།།
395b6 བྲམ་ཟེ་ཡིན་པར་ངས་གསུངསོ།།མོ་འོངས་པ་ལ་མངོན་མི་དགའ།།འདས་པ་རྣམས་ལ་གདུད་མེད་པ།།འཁྲིག་པའི་སྦྱོར་བྲལ་གཡུལ་རྒྱལ་དེ།།བྲམ་ཟེ་ཡིན་པར་ངེས
395b7 གསུངས་སོ།།མ་འོངས་པ་ལ་མངོན་མི་དགའ།།འདས་ལ་གདུང་མེད་རྡུལ་བྲལ་ཞིང་།།ཞི་བ་མྱ་ངན་མེད་པ་དེ།།བྲམ་ཟེ་ཡིན་པར་ངས་གསུངས་སོ།།གང་ཞིག་འདོད་ཆུང
iiif viewer powered by OpenSeadragon
395a - 396a