e-texts navigator
Collection
Volume
Page
Wylie

334b1 ཕུནུ་རིང་དུས་སུ་འཁྱམ་འགྱུར་བས།།སྤྱོད་པ་དྲུངས་ནས་བྱུང་ཤིག་དང་།།མྱ་ངན་མྱེད་ཅིང་འཇིགས་པ་མེད།།ཡང་དང་ཡང་དུ་ཉིར་ལེན་ཅིང་།།ཡང་དང་ཡང་སྒྲ
334b2 མ་ལ་དུ་འཇུག།གནས་སྐབས་འགྱུར་དང་གཞན་འགྱུར་བས།།སེམས་ཅན་འོད་དང་འགྲོ་བར་བྱེད།།འདིར་ནི་སྤང་དཀའི་སྲེད་པ་དེ།།སྤོངས་ལས་བོན་ཆོད་ཅིག་དང་།།
334b3 དེ་ལ་སྦེད་དུ་མེད་འགྱུར་།།དེ་ནི་ཡད་དུལ་བར་མ་འགྱུ།།དལ་འབྱོར་ཆུང་ནི་མ་གནན་།གླང་གིས་སྒྲ་དེང་སྨིནམས་སྐུ།།དོན་གཽཉྩི་བཅིངས་ནས་འཇོག
334b4 ཡུལ་ལ་སྲེད་པ་དེ་ལས་རྒོལ།།སེམས་ཅན་དམྱལ་བར་སྐྱེས་ན་ཡང་།།དལ་འབྱོར་ཐལ་བས་འགྱོད་པར་འོང་།།གང་ཕྱིར་སྲིད་མཚོ་རྒྱུར་གྱུར་པ།།ཡུལ་ལ་སྲེད་པའི་ས
334b5 ཀྱི་གཞི།།འབྱི་ཞིང་དྲ་བས་ཁེབས་བྱེད་པ།།གདུང་བར་བྱེད་པ་མ་བཏུལ་ན།།སྡུག་བསྔལ་འདི་ནི་ཡང་དང་ཡང་།།རྣམ་པ་ཀུན་ཏུ་ལྡེག་མི་འགྱུར།།དཔེར་ན་ལྗོན
334b6 ཤིང་རྩ་ནས་མཱ་བཏོནྡ་ན།།བཅད་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ནར་ཟད།།དེ་བཞིན་སྐྱེད་པའི་ཕྲ་རྒྱས་མ་བཏོན་ན།།ཡང་དང་ཡང་དུ་སྡུག་བསྔལ་འདི་མི་ལྡོག།དཔེར་ན
334b7 བདག་ཉིད་ཀྱིས་ནི་བྱས་པའི་མཚོན།།དེ་ཡིས་རྐུན་པོའི་མཐུ་ཡིས་བདག་གསོད་ལྟར།།དེ་བཞིན་ནང་གི་སེམས་ལས་བྱུང་ཟེ་ཡི།།སྲེད་པས་ལུས་ཅན་ཉེ་བར་གསོད།།




iiif viewer powered by OpenSeadragon

334a - 336a

Texts on this page

N311 - ched du brjod pa'i tshoms