e-texts navigator
Collection
Volume
Page
Wylie

334a1 སྐྱེ་དང་རྒ་བར་ཉེ་བར་འགྲོ་འགྱུར་ཞིང་།།སྐྱེ་དགུ་སྲེད་པ་རྣམས་ཀྱིས་མདུན་དུ་བདར།།རྒྱ་ནང་རི་བོང་ཡོངས་སུ་རྒྱུག་པ་བཞིན།།
334a2 སྲེད་པ་རྣམས་ཀྱི་མདུད་པའི་སེམས་ཅན་དག།སྲིད་དང་སྲིད་མིན་དག་ལ་སེམས་ཆགས་ཤིང་།།ཀུན་སྦྱོར་རོ་ལ་དགའ་བའི་བྱིས་པ་རྣམས།།ཡང་དང་ཡང་དུ
334a3 སྡུག་བསྔལ་འཐོབ་པར་འགྱུར།།སྐྱེ་བྲོ་གྲུབ་དང་བེདེ་རྣམས་དང་བྲལ་ཞིང་།།བདུད་ཀྱི་སྦྱོར་བ་དག་དང་ལྡན་པ་དེ།།རྒ་དང་འཆི་བིའི་རྗེས་སུ་འགྲོ་འགྱུར་ཏེ།།མ
334a4 དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ།།འདི་ནུ་སྲིད་པ་དེ་འདྲ་སྤོང་བྱེད་གི།།སྲིད་དང་སྲིད་མིན་དག་ལཱ་སྲེད་དྲལ་ཞིང་།།དགེ་སློང་སྲིད་པ་ཟིལ་གྱིས་གནོན་བྱེད་པ།།ལྷག
334a5 མེ་མེད་པར་ཡོངས་སུ་མྱ་ངན་འདའ།།གང་ཞིག་འཇིག་རྟེན་སྤང་དགའ་བའི།།སྲེད་པའི་དུད་མེད་འདིས་བཀོལ་བ།།དེ་ཡི་མྱ་ངན་འཕེལ་འགྱུར་ཏེ།།རྩི་ལ་ཆར་པ་བབ
334a6 པ་བཞིན།།གང་ཞིག་འཇིག་རྟེན་སྤད་དཀའ་བའི།།སྲེད་པའི་བུད་མེད་འདི་སྤོང་བ།།དེ་ཡི་མྱ་ངན་ལྡོག་འགྱུར་ཏེ།།པདྨ་ལས་ནི་ཆུ་ཐིགས་བཞིན།།དེ་ཕྱིར་ཇི་སྙེད
334a7 འདིར་ལྷགས་པ།།ཁྱེད་ལ་སྨྲ་ཡིས་ཁྱེད་བདེ་ཤིག།ུ་ཤིར་ཕྱིར་ནི་རྩ་བཞིན་དུ།།སྲེད་པ་རྩར་བཅས་དྲུངས་ནས་ཕྱུང་།།སྐྱེས་བུ་སྲེད་པ་དང་འགྲོགས་ན།།




iiif viewer powered by OpenSeadragon

333b - 334b

Texts on this page

N311 - ched du brjod pa'i tshoms