e-texts navigator
Collection
Volume
Page
Wylie

333b1 གྱིས་ལ་ལེགས་པར་སྤྱོད།།གང་དུག་སྡུག་བསྔལ་དེ་ཡི་རྒྱུ་ཤེས་པ།།དེ་དག་ནམ་ཡང་འདོད་ལ་དགའ་མི་འགྱུར།།འཇིག་རྟེན་དག་ན་ཟུག་རྔུའི་རྒྱུར་ཤེས་ནས།།
333b2 དེ་དག་གདུལ་ཕྱིར་བརྟོན་པ་སློབ་པར་བྱེད།།འདོད་པའི་ཚོམས་ཏེ་གཉིས་པའོ།།ལུས་ཅན་རྣམས་པར་རྟོག་པས་རབ་བཅོམ་པ།།འདོད་ཆགས་མི་བཟང་གཙང་བར་རྗེས
333b3 ལྟ་བས།།འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ་འགྱུར་ཏེ།།རང་གི་འཆིང་བ་དེ་ཡིས་དམ་པོར་བྱེད།།གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང་།།མི་སྡུག་སྒོམ
333b4 པཾ་རྟག་ཏུ་དྲན་བྱེད་དེ།།དེ་ཡི་སྲེད་པ་རབ་ཏུ་སྤངས་པ་ཡིས།།རང་གི་འཆིང་བ་དེ་དག་རུལ་པར་བྱེད།།འདོད་པ་མུན་ནག་འདྲ་བས་གཡོགས།།སྲིད་པའི
333b5 དགའ་བས་དེཀོབ་པ་དང་།།བག་མེད་འཆིང་བས་བཅིངས་པ་དག་།ཚོད་མར་ཆུད་པའི་ཉ་དང་འདྲ།།སྐྱེས་བུ་བྲག་མེད་རབ་ཏུ་སྤྱོད་བྱེད་པ།།འཁྲི་ཤིང་བཞིན་དུ་སྲེད
333b6 པ་འཕེལ་འགྱུར་ཞིང་།།རྨ་དང་འཆི་དེའི་རྗེས་སུ་འགྲོ་འགྱུར་ཏེ།།མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ།།མི་དག་དྲན་པར་བྱེད་དང་ཆགས་བྱེད་དང་།།ཡིད་རིདེ་ན
333b7 ལ་རྟོག་པར་བྱེད་པ་དག།དེ་ཡིས་ཡང་དང་ཡིང་དུ་འཁོར་བར་འཁྱམས།།ཚལ་ནང་འབྲས་བུ་འདོད་པའི་སྤྲེའུ་དང་མཚུངས།།མི་གང་རྟག་ཏུ་བདེ་བ་འདོད་བྱེད་པ།།




iiif viewer powered by OpenSeadragon

333a - 334a

Texts on this page

N311 - ched du brjod pa'i tshoms