e-texts navigator
Collection
Volume
Page
Wylie

332b1 ཤིང་གྲེས་མ་ལས་བྱས་ཆིངས་མ་གང་།།དེ་དགུ་དམ་པོ་མཱན་ཞེས་འཕགས་པ་གསུང་།།འདོད་པའི་ཆིངས་མ་གང་ཡིན་དེ་ལྷོད་ཀྱང་།།རབ་ཏུ་དགྲོལྔ་བཱར་དཀའ
332b2 ཞེས་འཕགས་པས་གསུངས།།བརྟན་རྣམས་འདོད་པའི་བདེ་ལ་མི་ལྟ་བར།།དེ་དག་གཏུབས་ནས་མྱུར་དུ་འགྲོ་བར་བྱེད།།འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི།།
332b3 སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན།།འཇིག་རྟེན་སྣ་ཚོགས་དེ་བཞིན་གནས་ཀྱང་ནི།།འོན་ཀྱང་བརྟན་རྣམས་འདི་ལ་འདུན་པ་འདུལ།།མི་རྣམས་ལ་ནི་རྟག
332b4 པོའི་འདོད་པ་མེད།།འདོད་ཅན་གང་ལ་ཆགས་དེ་མྱི་རྟག་པས།།ཡང་སྲིད་མེད་ཕྱིར་སེམས་ཀྱིས་རབ་སྦྱོངས་ལ།།འཆི་བའི་གནས་མི་འགྱུར་བར་བྱོས་ཤེས་གསུངས
332b5 འདུན་པ་སྐྱེས་ཤིང་ཟད་པར་མི་བྱེད་དམ།།སེམས་ལ་སྐྱོན་མེད་པ་དང་དྲན་པ་དང་།།འདོད་པ་རྣམས་ལ་སོ་སོར་མ་ཆགས་གང་།།དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུངས།།
332b6 མགར་པོ་ཡིས་ནི་དངུལ་བཞིན་དུ།།བློ་གྲོས་ལྡན་པས་རིམ་པ་བཞིན།།སྐད་ཅིག་སྐད་ཅིག་ཅུང་ཟད་ཙམ།།རང་གི་དྲི་མ་བསལ་བར་བྱ།།ལྷམ་མཁན་གྱིས་ནི་ཀོ་བ
332b7 དག།ཡོངས་སུ་སྦྱངས་ནས་ལྷམ་བྱེད་ལྟར།།འདོད་པ་གང་དང་གང་སྤངས་པ།དེ་དེ་བདེ་བ་ཕུན་སུམ་ལྡན།།གལ་ཏེ་བདེ་བ་ཀུན་འདོད་ན།།འདོད་པ་ཐམས་ཅད་ཡོངསུ




iiif viewer powered by OpenSeadragon

332a - 333a

Texts on this page

N311 - ched du brjod pa'i tshoms