e-texts navigator
Collection
Volume
Page
Wylie

331a1 བའི་ཤི་མཐོང་ནས་ནི།།བརྟན་ངས་བཙོནར་འདྲ་བའི་ཁྱིམ་སྤུངས་ཀྱི།།འཇིག་རྟེན་ཕལ་པས་འདོད་སྤང་ནུསར་སྐན།།
331a2 རྒྱལ་པོའི་ཤིང་རྟ་ཤིན་ཏུ་བཀྲ་བའང་འཇིག།དེ་བཞིན་ལུས་ཀྱང་ཉེ་བར་རྒ་བར་འགྱུར།།དམ་པ་རྣམས་ཀྱི་ཆོས་འདྲི་དམ་པ་སྟེ།།མི་མཆོག་གཞན་རྟོགས་བྱེད་ཅིང
331a3 རྒ་མི་འགྱུར།།རྒ་བ་ཁྱེད་ནི་བླུན་ཞིང་ངན།།ཁྱོད་ནི་མི་རིགས་བྱེད་པ་སྐྱེ།།ཡིད་དུ་འོང་བའི་གཟུགས་འདི་ཡང་།།ཁྱོད་ཀྱིས་མངོན་པར་བཅོམ་པར་གྱུར།།
331a4 གང་ཞིག་ལོ་ནི་བརྒྱར་འཚོ་བ།།དྲི་ཡང་འཆི་བདག་ཉིད་ཀྱིས་ཁྲིད།།འདི་དག་རྒ་བར་འགྱུར་བ་འམ།།ཡང་ན་ན་བའང་འཆི་བས་འཇོམས།།རྟག་ཏུ་ལྡོག
331a5 པ་མེད་པར་འགྲོ་འགྱུར་ཞིང་།།ཉིན་དང་མཚན་དུ་རབ་ཏུ་འཇིག་པ་དང་།།སྐྱེ་བ་དང་འཚོ་བའི་སྡུག་བསྔལ་དང་ལྡན་པ།ཆུ་ཚན་ནང་དུ་གདུས་པའི་ཉེ་དང
331a6 འདྲ།།ཚྭ་འདི་ཉན་དང་མཚན་མོ་དང་།།འགྲོ་བ་དང་ནི་འདུག་པ་ན།།ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ།།ཕྱིར་མི་ལྡོག་པར་འགྲོ་བར་འགྱུར།།
331a7 ཆུ་ཆུང་ནང་གི་ཉ་ལྟ་བུར།།གང་ཞིག་ཉིན་མཚན་འདའ་བ་ཡིས།།ཚེ་འདི་ཤིན་ཏུ་ཐུང་འགྱུར་ན།།དེ་ལ་དགེའ་བར་བྱར་ཅི་ཡོད།།གསོན་མཐའ




iiif viewer powered by OpenSeadragon

330b - 331b

Texts on this page

N311 - ched du brjod pa'i tshoms