| | e-texts navigator
|
330b1 སྐྱེས་པ་བུད་མེད་རྣམས་ཀྱི་རིགས།།བརྒྱ་དང་སྟོང་ཕྲག་མང་པོ་དང་།།ལོངས་སྤྱོད་ལེགས་པར་བསྒྲུབས་པ་ཡང་།།འཆི་བདག་དབང་དུ་འགྲོ་བར་འགྱུར།།བསྔགས་པ་ཀུན
330b2 གྷོ་མཐའ་ཟད་ཅིང་།།བསླང་བའི་མཐའ་ན་འཕྲུལ་བར་འགྱུར།།ཕྲད་པའི་མཐའ་ནི་བྲལ་བ་སྟེ།།གསོན་པའི་མཐའ་ནི་འཆི་བ་ཡིན།།གསོན་མཐའ་འཆི་བ་ཡིན་པས་ན།།
330b3 སེམས་ཅན་ཐམས་ཅད་འཆི་འགྱུར་ཞིང་།།དགེ་སྡིག་འབྲས་བུར་ཉེར་འགྲོ་བའི།།ཇི་བཞིན་ལས་ཀྱི་རྗེས་སུ་འབྲང་།།སྡིག་པའི་ལས་ཀྱིས་དམྱལ་བ་དང་།།བསོད་ནམས་བྱས
330b4 པ་བདེ་འགྲོ་སྟེ།།གཞན་དག་གྲིས་ནི་ལམ་བསྒོམས་པས།།ཟག་མེད་མྱ་ངན་འདས་པར་འགྱུར།།གྲང་ཡང་སངས་རྒྱས་རང་སངས་རྒྱས།།སངས་རྒྱས་རྣམས་ཀྱི
330b5 ཉན་ཐོས་ཀྱང་།།སྐུ་ལུས་འདི་ནི་སྤོང་མཛད་ན།།སྐྱེ་བོ་ཕལ་པ་སྨོས་ཅི་དགོས།།གང་དུ་གནས་ན་འཆི་བས་མི་ཚུགས་པའི།།ས་ཕྱོགས་དེ་ནི་ཡོད་པ་མོ་ཡིན་ཏེ།།
330b6 བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད།།རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན།།བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ།།ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང་།
330b7 དེ་ཀུནི་འཇིགས་པོར་མཁས་པས་རྟོགས་གྱིས་ཏེ།།ཆོས་ལ་གནས་ཀྱིས་ཚངས་པར་སྤྱད་པ་སྤྱོད།།རྒ་བ་མཐོང་ཞིང་ནད་ཀྱིས་སྡུག་བསྔལ་དང་།།སེམས་དང་བྲལ
iiif viewer powered by OpenSeadragon
330a - 331a