| | e-texts navigator
|
330a1 ཐགས་ནི་བརྐྱང་བ་ལ།།སྤུན་ནི་གང་དང་གང་བཅུག་པའོ།།སྤུན་གྱིས་རྟིང་ལ་གཏུགས་པ་ལྟར།།མི་རྣམས་སྲོག་ཀྱང་དེ་བཞིན་ནོ།།
330a2 དཔེར་ན་ངེས་པར་བསང་བ་དག།གོམ་པ་གང་དང་གླང་བོར་བས།།བསྲུད་སའི་དྲུང་དུ་བསྙེན་པ་ལྟར།།མི་རྣམས་སྲོག་ཀྱང་དེ་བཞིན་ནོ།།ཆུ་ཀླུང་དྲག་ཏུ་འབབ་པའོ།།
330a3 རྒྱུན།།ལྡོག་པ་མེད་པ་ཇི་ལྟ་བར།།དེ་བཞིན་མི་ཡི་ཚེ་འགྲོ་བ།།སླར་ནི་ལྡོག་པར་འགྱུར་བ་མེད།།དཀའ་བ་ཉིད་དང་འཐུང་བ་དང་།།དེ་ཡང་སྡུག་བསྔལ་ལྡན་པ་དང་།།
330a4 མྱུར་བ་ཁོ་ན་རུ་འཇིག་འགྱུར་ཏོ།།ཆུ་ལ་དབྱུག་གུས་བྲིས་པ་བཞིན།།དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས།།ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར།།དེ་བཞིན།
330a5 ནད་དང་རྒ་བ་ཡིས།།མི་རྣམས་འཆི་བདག་དྲུང་དུ་སྐྱེལ།།ཆུ་བྲན་གྱི་ནི་ཆུ་ལྟ་བུར།།ཉིན་དང་མཚན་མོ་འདས་པ་ཡིས།།མི་རྣམས་ཚེ་ཡང་ཟད་འགྱུར་ཞིང་།།
330a6 སྲོག་ཀྱང་ཉེ་བར་འཇིག་པར་འགྱུར།།མེ་ལ་ཚེ་བྱེད་ལ་མཚན་མོ་རིང་།།ལམ་ཀྱིས་དུབ་ལ་བརྒྱང་གྲགས་རིང་།།དམ་ཆོས་རྣམ་པར་མི་ཤེས་པའི།།བྱིས་པ
330a7 རྣམས་ལ་འཁོར་བ་རིང་།།བདག་ལ་བུ་ཡོད་དེ་བཞིན་དུ།།ནོར་ཡོད་ཅེས་པས་བྱིས་པ་བརླག།ཕྱི་རོལ་ནང་ན་བདག་མེད་ན།།སུ་ཡི་བུ་ཡིན་ཅི་ཞིག་ནོར།།
iiif viewer powered by OpenSeadragon
329b - 330b