e-texts navigator
Collection
Volume
Page
Wylie

329b1 ཕྱིར་སྒྲོན་མཚོལ་མི་བྱེད།།རུས་པ་ཐི་བའི་མདོག་འདྲ་བ།བོར་བ་གང་ཡིན་འདི་དག་ནི།།ཕྱོགས་དང་ཕྱོགས་སུ་རྣམ་འཐོར་བ།།དེ་མཐོང་འདི་ལ་ཅི་ཞིག་དགའ།།
329b2 གླང་གི་ནུབ་མོ་ཁོ་ན་ནུས།།མངལ་དུ་དང་པོར་འཇུག་པའི་མི།།དེ་ནི་སྟོང་མེད་འགྲོ་འགྱུར་ཞིང་།།སོང་བ་ལས་ཀྱང་ལྡོག་པ་མེད།།སྔ་དྲོ་སྐྱེ་བོ་མང་མཐོང་བ
329b3 ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར།།ཕྱི་དྲོ་སྐྱེ་བོ་མང་མཐོང་གཱ།སྔ་དྲོ་ཁ་ཅིག་མཐོང་མི་འགྱུར།།སྐྱེས་པ་བུད་མེད་མང་བཱི་དང་།།དར་ལ་བྱེབ་པོ་འང་འཆི་འགྱུར་ན།།
329b4 དྲི་ལ་མི་འདི་གཞོན་ཞེས་ཏེ།།གསོན་པོའི་གདེང་དྲོད་ཅི་ཞིག་ཡོད།།ཁ་ཅིག་མངལ་དུ་འཆི་བར་འགྱུར།།དེ་བཞིན་ཁ་ཅིག་བཅས་པའི་སར།།དེ་བཞིན་ཁ
329b5 ཅིག་འགོག་ཙམ་ན།།དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན།།ལ་ལ་རྒན་དང་ལ་ལ་གཞོན།།ལ་ལ་དར་ལ་བབ་པའི་མི།།རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ།།འདྲས
329b6 བུ་སྨིན་པ་ལྟུང་བ་བཞིན།།དཔེར་ན་འབྲས་བུ་སྨིན་པ་རྣམས།།ལྟུང་བས་རྟག་ཏུ་འཇིགས་པ་ལྟར།།དེ་བཞིན་སྐྱེས་པར་གྱུར་པའི་མི།།རྟག་ཏུ་འཆི་བས་འཇིགས
329b7 པར་འགྱུར།།དཔ་ན་རྫ་མའི་མཁན་པོ་ཡིས།།འཇི་བ་ལས་ནི་སྡོང་བྱས་པ།།ཐམས་ཅད་ཐ་མར་འཇིག་པ་ལྟར།།མི་རྣམས་སྲོག་ཀྱང་དེ་བཞིན་ནོ།།དཔེར་ན




iiif viewer powered by OpenSeadragon

329a - 330a

Texts on this page

N311 - ched du brjod pa'i tshoms