| | e-texts navigator
|
308a1 བ.ལས་སྒྱུ་འི་འདུས་རྣམ་བྱས་ལ་ཁབ་རྣམ་གྱི་སྦྱིག་བཅུགས་ཏེ།རྨྱ་ཐུག་གོ་ལོ་མནུ་མུ་གྱི་གདུགས་བྱས་ནས་ནས་ཀྱི་ཅཔ
308a2 གྱི་སྐུ་གཟུགས་བྱས་ལ་ཡུངས་པ་འབྲུ་ཙམ་གྱི་རིང་བསྲེལ་པོཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ནའོ་ཞེས་པ་སྨྲའོ།།དེ་ཅིའི་ཕྱིར་ན་ནི།ཀུན་དགའ་བོ་དེ་བཞིན
308a3 གཤེགས་པ་ནི་ཡེ་ཤེས་ཀྱིས་དཔག་ཏུ་མེད་པ།ཚུལ་ཁྲིམས་ཀྱིས་དཔག་ཏུ་མེད་པ།བཟོད་པས་དཔག་ཏུ་མེད་པ།བརྩོན་འགྲུས་ཀྱིས་དཔག་ཏུ་མེད་པ།བསམ
308a4 གཏན་གྱིས་དཔག་ཏུ་མེད་པ།ཤེས་རབ་ཀྱིས་དཔག་ཏུ་མེད་པ།བྱམས་པས་དཔག་ཏུ་མེད་པ།སྙིང་དྷཱས་དཔག་ཏུ་མེད་པ།དགའ་བས་དཔག་ཏུ་མེད་པ
308a5 བཏིད་སྙོམས་ཀྱིས་དཔག་ཏུ་མེད་པ།སངས་རྒྱས་ཀྱི་ཆོས་མུ་འདྲེས་པ་བཅོ་བརྒྱད་དང་།སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་དྲན་པ་ཉེ་བར
308a6 བླཞག་པ་མ་འདྲེས་པ་གསུམ་དང་སྙིང་རྗེ་ཆེན་པོས་དཔག་ཏུ་མེད་པ་སྟེ།ཀུན་དགའ་བོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
308a7 ནི་ཡོན་ཏན་དཔགེ་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ།།དེ་སྐད་ཅེས་བཀའ་སྩལ་པ་དང་།ཚེ་དང་ལྡན་པ་ཀུན་དགའ་བས།།བཅོམ་ལྡན་འདས་ལ་འདི་སྐད་ཅེས
iiif viewer powered by OpenSeadragon
307b - 308b