e-texts navigator
Collection
Volume
Page
Wylie

307b1 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇི་བ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱིས་སྲོག་ཤིང་བཅུག
307b2 ཏེ།རྒྱ་ཤུག་གི་ལོ་མ་ཙམ་གྱིས་གདུགས་གསོལ་ནས་ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱིས་རིང་བསྲེལ་བཅུག་ནཱ་དེ་ནི་དེ་བས་ཆེས་བསོད་ནམས
307b3 ཆེའོ་ཞེས་ང་སྨྲེའོ།།ཀུན་དགའ་བོ་ཛམ་བུའི་གླིང་ལྟའང་ཞོག།ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་འང་ཞོག།ནུབ་ཀྱི་བ་ལེང་སྤྱོད་ཀྱི་གླིང་ལྟ་འདྲ་ཞོག།བྱུང་གི་སྒྲ་མི
307b4 སྙན་གྱི་གླིང་ལྷ་འང་ཞོག།ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ལྟའང་ཞོག་སྟེ།ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག
307b5 རྟེན་གྱི་ཁམས་ཡོད་དེ།དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ།རྒྱུན་དུ་ཞུགས་པ་རྣམས
307b6 དང་།ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན
307b7 ལ་ཕུལ་བ་བས།གོང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇི




iiif viewer powered by OpenSeadragon

307a - 308a

Texts on this page

N304 - 'phags pa rmad du byung ba zhes bya ba chos kyi rnam grangs