| | e-texts navigator
|
307a1 ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་།རང་སངས་རྒྱས་རྣམས་དང་།ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས།
307a2 གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇི་བ་ལས་སྐྱུ་རུ་རིའི་འབྲས་བུ་ཙམ་བྱས
307a3 ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ།རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས་ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འི་བྲུ་ཙམ་གྱི་རིང་བསྲེལ་བཅུག
307a4 ན་དེ་ནི་དེ་བས་བསོད་ནམས་ཆེའོ་ཞེས་ང་སྨྲའོ།།ཀུན་དགའ་བོ་ཛམྦུའི་གླིང་ལྷའང་ཞོག།ཤར་གྱི་ལུས་འཕགས་ཀྱི་གླིང་ལྷའོང་ཞོག།ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལྷའང
307a5 ཞོག།བྱང་གི་སྒྲ་མི་སྙན་གྱི་གླིང་ལྟའང་ཞོག་སྟེ།ཀུན་དགའ་བོ་ལྕེའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ཡོད་དོ།།དེ་རིགས་ཀྱི་བུའམ
307a6 རིགས་ཀྱི་བུ་མོ་དད་པ་གང་ལ་ལི་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ།རྒྱུན་དུ་ཞུགས་པ་རྣམས་དང་།ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ
307a7 རྣམས་དང་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་ཕྱོགས་བཞིའི་དགེ་སློང་གཽ་དེ་གེ་འདུན་ལ་ཕུལ་བ་བས།།གང་གིས་དེ་བཞིན་གཤེགས་པ་དག
iiif viewer powered by OpenSeadragon
306b - 307b