e-texts navigator
Collection
Volume
Page
Wylie

295b1 རྣམགྲངས་རྫོགས་སོ།།།རྒྱུ་ག་སྐདདུ།ཱཿ་ཨརྡྷ་བི་བྷཱུཥྞཱ་ནཱ་མ་དྷརྨཔྟཱནྠ་ཡ།དྭེ་སྐད་དུ།འཕགས
295b2 པ་དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག
295b3 ན།བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་ན་བཞུགས་སོ།།དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ
295b4 སྨྲས་པ།ཚེ་དང་ལྡན་པ་དག་ཁྱེད་ལ་ཆོས་ཐོག་མོར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་བ།དོན་བཟང་པོ་ཚིག་འབྲུ་བཟང་པོ།།མ་འདྲེས་པ་ཡོངས་སུ་རྫོགས་པ།
295b5 ཡོངས་སུ་དག་པ།ཡོངས་སུ་བྱང་བ་ཚངས་པར་སྤྱོད་པ་བསྟན་པར་བྱ་སྟེ།འདི་ལྟ་སྟེ།དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རབ་ཏུ་བཤད་ཀྱིས་དེ་ལེགས་པར
295b6 རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་དོ།།དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན།ཚེ་དང་ལྡན་པ་དག་དལ་བ་ཚོགས་པོ་བཅུ་གཉིས་པོ་འདི་དག་ནི་འཕགས་པའི་ཆོས
295b7 ཐོབ་པར་འགྱུར་བ་སྟེ།འདི་ལྟ་སྟེ།བདག་གི་འབྱོར་པ་དང་།གཞན་གྱི་འབྱོར་པ་དང་།མི་ཉིད་དང་།ཡུལ་དབུས་སུ་སྐྱེས་པ་དང་།དབང་པོ་རྣམས་མ་ཚང་བ




iiif viewer powered by OpenSeadragon

295a - 296a

Texts on this page

N302 - don rnam par nges pa zhes bya ba'i chos kyi rnam grangs
N303 - 'phags pa don rgyas pa zhes bya ba'i chos kyi rnam grangs