| | e-texts navigator
|
272b1 དྲུག་གང་ཞེ་ན་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་།སྡུག་བསྔལ་བ་དང་།སྡུག་བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པ་དང་།དེ་བཞིན་དུ་རྣ་བ་དང་།སྣ་དང་།
272b2 ལྕེ་དང་།ལུས་དང་།ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་།སྡུག་བསྔལ་བ་དང་།སྡུག་བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པའོ།།ཚོར་བའི
272b3 རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ལ།སྲེད་པ་གང་ཞེ་ན།སྲེད་པའི་ཚོགས་དྲུག་སྟེ།དྲུག་གང་ཞེ་ན།གཟུགས་ལ་སྲེད་པ་དང་།སྒྲ་ལ་སྲེད་པ་དང་།དྲི་ལ་སྲེད་པ་དང་།རོ
272b4 ལ་སྲེད་པ་དང་།རེག་བྱ་ལ་སྲེད་པ་དང་།ཆོས་ལ་སྲེད་པའོ།།སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ལ།ལེན་པ་གང་ཞེ་ན།ལེན་པ་བཞི་སྟེ།བཞི་གང་ཞེ་ན།འདོད
272b5 པའི་ལེན་པ་དང་།ལྟ་བའི་ལེན་པ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེན་པ་དང་།བོདག་ཏུ་སྨྲ་བའི་ལེན་པའོ།།ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་ལ།
272b6 སྲིད་པ་གང་ཞེ་ན།སྲིད་པ་གསུམ་མོ།།གསུམ་གང་ཞེ་ན།འདི་ལྟ་སྟེ།འདོད་པའི་སྲིད་པ་དང་།གཟུགས་ཀྱི་སྲིད་པ་དང་།གཟུགས་མཱིད་པཱི་སྲིད་པའོ།།དེ་ལ་འདོད།
272b7 པའི་སྲིད་པ་གང་ཞེ་ན།འོག་གི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ནས་ཉེ་བར་བཟུང་སྟེ།གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་འདི་ནི་འདོད་པའི་སྲིད་པ་ཞེས་བྱའོ།།
iiif viewer powered by OpenSeadragon
272a - 273a