e-texts navigator
Collection
Volume
Page
Wylie

265a1 མེད་པ།ལྷ་དང་མི་རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ།རྒྱལ་པོ་གཉེན་ལྡན་གྱི་ཁང་ན
265a2 བཞུགས་ཏེ།དུས་དེའི་ཚེ་ཞལ་ཞལ་མཁན་གྱི་རིགས་ལས་ཕྱུགས་པྲྀ་ག་གེ་མོ་ཞེས་བྱ་བ་ཞིག་གིས་རྣམ་པར་གཟིགས་ཀྱི་སླད་དུ་གཙུག་ལག་ཁང་བརྩིགས་ཏེ།མེ་ཏོག
265a3 དང་འབྲས་བུའི་ཤིང་ལེགས་པར་བཙུགས་ཏེ།ཀུན་ཏུ་དྲི་བསུང་གི་ད་ལྡན་པ་འབྱུང་བར་གྱུར་ཏེ་ཕུལ།སྟོན་པ་དེ་ཉིད་ཀྱི་བསྟན་པ་ལ་འང་རབ་ཏུ་བྱུང་།ཡང་དག
265a4 པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་མྱ་ངན་ལས་འདས་ནས་སྐུ་གདུང་གི་མཆོད་རྟེན་གྱི་རྨང་གི་འོག་ཏུ་རིན་པོ་ཆེའི་རྡོ་རིང་ཅིག་བསྒྲེང་ངོ་།།ཞལ་ཞལ་མཁན
265a5 གྱི་རིགས་ལས་རབ་ཏུ་བྱུང་བ་དེའི་འཁོར་མང་པོའང་རྗེས་སུ་ཡི་རང་ཞིང་མོས་པར་གྱུར་ཏེ། བྱེད་སྟོན་པ་ལ་མོས་པར་གྱུར་པ་དེ་བཞིན་དུ་བདག་ཅག་ཀྱང་དད་ཅིང་མོས་པར
265a6 བགྱིད་དེ།སྟོན་པོའི་བཀའ་བཞིན་དུ་བགྱིད་ཅིང་མཉེས་པར་བགྱིད་ལ་མི་མཉེས་པར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ།།དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དེའི
265a7 དུས་ན་ཞལ་ཞལ་མཁན་གང་ཡིན་པ་དེ་ནི་ཚེ་དང་ལྡན་པ་རབ་མཐོང་ཆེན་པོ་ཉིད་ཡིན་ལ།སྐྱེ་དགུའི་ལུས་ཅན་དེ་དག་ནི་ད་ལྟར་གྱི་ལྷ་དང་མི་འདི་དག་ཡིན་ཏེ་ད་ལྟར་ཡང




iiif viewer powered by OpenSeadragon

264b - 265b

Texts on this page

N299 - mun gyi nags tshal gyi sgo zhes bya ba'i mdo