e-texts navigator
Collection
Volume
Page
Wylie

264b1 །ཤིང་དང་།ནྱ་གྲོ་དྷའི་ཤིང་དང་། ཤྭོད་རྔའི་ཤིང་དང་།འབྲས་བུ་གསུམ་གྱི་ཤིང་དང་།མེ་ཏོགྶ་ཙམ་པ་ཀའི་ཤིང་དང་།ུ་རུ་ཀའི་ཤིང་དང་།མ་དུ་ཀའི་ཤི
264b2 དང་།བི་ལ་བའི་ཤིང་དང་།འབྲུ་ཧོའི་ཤིང་དང་།ཛམྦུའི་ཤིང་དང་།དུ་ནའི་ཤིང་དང་།ཚུ་ཤིང་ལ་སོགས་པ་དང་།མེ་ཏོག་མ་ལི་ཀ་དང་།ཀུན་དྷེ་དང
264b3 ཛ་ཏཱི་ཀ་ལ་སོགས་པ་མཛེས་པ་སྣ་ཚོགས་དགེ་སློང་བདེ་བར་གནས་པ་དགེ་བའི་ཕྱོགས་བྱེད་པ་དང་མཐུན་པ་ཞིག་ཀྱང་བྱས་ཏེ་དགེ་འདུན་ལ་ཕུལ་ལོ།།དེ་ནས་དགེ་སློང་དག
264b4 ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱུས་བཅོམ་ལྡན་འདས་ལོ་ཞུས་པོ།བཙུན་པ་ཚེ་དང་ལྡན་པོ་རབ་མཐོང་གིས་ལས་ཅི་བགྱིད་ན་ལས་གང་ཡང་རྣམ་པར
264b5 སྨིན་པ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་དང་ལྡན་པའི་རིགས་སུ་སྐྱེས།གཟུགས་མཛེས་ཤིང་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར།བསོད་ནམས་ཆེན་པོ་དང་ལྡན་པ
264b6 ཤེས་པར་འཚལ་ལགས་སོ་ཞེས་ཞུས་པ་དང་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དགེ་སློང་དག་འདས་པའི་བསྐལ་པ་དགུ་བཅུ་རྩ་གཅིག་ན་ཡང་དག་པར་རྫོགས
264b7 པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་རིག་པ་དང་ཞེངས་སུ་ལྡན་པ།བདེ་བར་གཤེགས་པ།འཇིག་རྟེན་མཁྱེན་པ།སྐྱེས་བུ་འདུལ་བའི་ཁ་འི་སྦྱར་བ།དྲན




iiif viewer powered by OpenSeadragon

264a - 265a

Texts on this page

N299 - mun gyi nags tshal gyi sgo zhes bya ba'i mdo