e-texts navigator
Collection
Volume
Page
Wylie

262b1 བགྱིད་ལ་གཞན་དག་ཀྱང་གཟུང་དུ་གསོལ།དེ་ནི་སྙན་པར་གླགས་ཤིང་ལོགས་ཏེ་ཆུ་ནི་གཟིགས་པར་དབྱུང་བར་འཚལ་ལོ་ཞེས་གསོལ་བ་བཏབ་བོ།།དེ་བཞིན་དུ་གཞན་ཡང་ཀྵ
262b2 ཆེན་པོ་བརྒྱུད་པ་འདི་དག་སྟེ།སྒྱེར་སྒྲ་ཞེས་བྱ་བ་དང་།དྲི་མ་ཞེས་བྱ་བ་དང་།ཆུ་ལྡན་ཞེས་བྱ་བ་དང་།དྲག་ཤུལ་ཞེས་བྱ་བ་དང་།གྷའི་བང་རིམ་ཞེས་བྱ་བ་དང་།བུམ་པ
262b3 པང་རིམ་ཞེས་བྱ་བ་དང་།བའི་ཀླུ་ཞེས་བྱ་བ་དང་།ོཾཛྫ་ས+འུ་ཏྱེ་ཞེས་བྱེ་བྱེས་ཀྱང་གནས་བརྟན་ཆེན་དུའི་རྐང་པོ་ལ་ཕྱག་བཙ་ལ~ཾ་ཏཱཾ།ཐལ་མ་སྦྱོར་བ་བྱས་ནས་རབ་ཏུ
262b4 གུས་པས་འདི་སྐད་ཅེས་སྨྲས་སོ།།ཐུགས་བརྩེ་བ་ཅན་ནགས་དེ་ནི་གཤེགས་ཤིང་བཞུགས་པའི་གནས་ཡིན་ཏེ།བདག་ཅག་ཀྱང་ཉེ་གནས་བགྱིད་ལོ་གཞན་དག་ཀྱང
262b5 གཟུང་དུ་གསོལ།དེ་ནི་སྙན་པར་གྲགས་ཤིང་ལེགས་ཏེ།ཆུ་ནི་གཟིགས་པར་དབྱུང་བར་འཚལ་ལོ་ཞེས་གསོལ་བ་བཏབ་བོ།།གཞན་ཡང་ཀླུ་མོ་བརྒྱད་པོ་འདི་དག་སྟེ།
262b6 མུན་ཞེས་བྱ་བ་དང་།འགྲོ་འདོད་ཅེས་བྱ་བ་དང་།མཐོང་མོ་ཞེས་བྱ་བ་དང་།གླང་མོ་ཞེས་བྱ་བ་དང་།ཁུར་དྲང་མོ་ཞེས་བྱ་བ་དང་།ལབ་འཇོ་བི་མ་ཞེས་བྱ་བ་དང
262b7 སྣ་ཚོགས་སྔོ་ཞེས་བྱ་བ་དང་།དྲི་ཟ་མོ་ཞེས་བྱ་བ་དག་གིས་ཀྱང་གནས་བརྟན་ཆེན་པོའི་རྐང་པ་ལ་ཕྱག་བཙལ་ཏེ།ཐལ་མོ་སྦྱར་བ་བྱས་ནས་རབ་ཏུ་གུས་པས་འདི་སྐད་ཅེས་སྨྲས།




iiif viewer powered by OpenSeadragon

262a - 263a

Texts on this page

N299 - mun gyi nags tshal gyi sgo zhes bya ba'i mdo