| | e-texts navigator
|
260b1 ཡང་དག་པར་རྫོགས་པའི་སྦྱངས་རྒྱས་ལོག་པར་དད་སེལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།དེའི་དགེ་སློང་ཆོས་ལྡན་ཞེས་བྱ་བ་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པའང་དེ་ཉིད་ནའོ།།
260b2 མཚམས་ཀྱི་རིའི་ཎཱིའི་རིགྲ་ཀཽ་ཤི་ཀཱ་ཞེས་བྱ་བ་སྐྱེ་བས་ཀཽ་ཤི་ཀ་རི་ཞེས་བཏགས་པར་གྱུར།སྤྲིན་ཅེས་བྱ་བའི་ཀླུ་མོ་གཅི་ག་གནས་པས་སྤྲིན་གྱི་ནགས་ཞེས་བཏགས་པར་གྱུར།ཤིང་ཨུ
260b3 དུམ་པར་སྐྱེ་བས་ཨུ་དུམ་བ་རའི་ཕུག་ཙོས་བཏོགས་པར་གྱུར།ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་འཁོར་གྱི་དགྲ་བཅོམ་པ་ལྔ་ཁྲི་དང་ཐབས་ཅིག་ཏུ་གཤེགས
260b4 ཤིང་བཞུགས་པར་གྱུར།དེ་དག་ཀྱང་མྱ་ངན་ལས་འདས་ནས་མངོན་པར་ཤེས་པ་ལྔ་དང་ལྡན་པ་དྲང་སྲོང་སུམ་ཁྲི་ཡང་དེ་ན་གནས་པར་གྱུར་ཏོ།།འདི་ནི་བཙུན་པ་རང་མཐོང་ཆེན
260b5 བོ་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་སུམ་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།དེའི་དགེ་སློང་ཆོས
260b6 འཕགས་ཞེས་བྱ་བ་ལྷ་དང་མིས་མཆོད་པིའོ་མཚིག་ཏུ་གྱུར་པའང་དེ་ཉིད་ནའོ།།མཚམས་ཀྱི་རི་དེ་ལ་རྩིའི་རིགས་ཁ་དོག་ལྗང་ལོ་ཅན་ཞེས་བྱ་བ་སྐྱེ་བས་ཁ་དོག་ལྗང་ལོ་རི་ཞེས
260b7 བཏགས་པར་གྱུར།ཐིག་ལེ་ཞེས་བྱ་བའི་ཀླུ་མོ་གནས་པས་ཐིག་ལེའི་ནགས་ཞེས་བཏགས་པར་གྱུར།ཤིང་ཀ་པི་ཏ་སྐྱི་བས་ཀ་པི་ཏིའི་ཕུག་ཙོས་བཏགས་པར་གྱུར།ཡང
iiif viewer powered by OpenSeadragon
260a - 261a