| | e-texts navigator
|
260a1 པར་གྱུར།རང་སངས་རྒྱས་དེ་དག་ཀྱང་མྱ་ངན་ལྔས་འདས་ནས་དྲང་སྲོང་ལྷ་ཁྲི་ཡང་མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་འདི་ཉིད་ན་གནས
260a2 པར་གྱུར་ཏོ།།བཙུན་པ་རབ་མཐོང་ཆེན་པོ་དེ་ནས་ཡང་བསྐལ་པ་སུམ་ཅུ་རྩ་གཅིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ཅེས་བྱ་བ་འཇིག་རྟེན་དུ
260a3 བྱུང་སྟེ།དེའི་དགེ་སློང་ཆོས་གསལ་ཞེས་བྱ་བ་ལྷ་དང་།མིས་མཆོད་པའི་མཆོག་ཏུ་གྱུར་པའང་དེ་ཉིད་ནའོ།།མཚམས་ཀྱི་རི་དེ་ལ་རྩཝའི་རིགས་བྷ་སྭ་བྷ་ཞེས་བྱ་བ་སྐྱེ་བས་བྷ
260a4 སཾ་བྷའི་རི་ཞེས་བཏགས་པར་གྱུར།ཀླུ་མོ་བྲག་ཅེས་བྱ་བ་གནས་པས་བྲག་གི་ནགས་ཞེས་གཏགས་པར་གྱུར།ཤིང་ཨ་ཤྲད་ཐ་སྐྱེ་བས་ཨ་ཤྭད་ཐའི་ཕུག་ཅེསཽ་བཏོགས་པར
260a5 གྱུར།ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་འཁོར་དགྲ་བཅོམ་པ་དྲུག་ཁྲི་དང་དེ་ཉིད་དུ་གཤེགས་ཤིང་ཐབས་གཅིག་ཏུ་བཞུགས་པར་གྱུར།དེ་དག་མྱ
260a6 ངན་ལས་འདས་བསྟན་པ་ནུབ་ནས་རང་སངས་རྒྱས་ལྔ་ཁྲིའང་གཤེགས་ཤིང་བཞུགས་པར་གྱུར།རང་སངས་རྒྱས་དེ་དག་ཀྱང་མྱ་ངན་ལས་འདས་ནས་དྲང་སྲོང་མངོན་པར
260a7 ཤེས་པ་ལྔ་དང་ལྡན་པ་བཞི་ཁྲི་ཡང་གནས་པར་གྱུར་ཏོ།།འདི་ནི་བཙུན་པ་རབ་མཐོང་ཆེན་པོ་སྔོན་བྱུང་བ་བསྐལ་པོ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན།
iiif viewer powered by OpenSeadragon
259b - 260b