e-texts navigator
Collection
Volume
Page
Wylie

259b1 བཅོམ་ལྡན་འདས་འཁོར་དང་བཅས་པ་དག་ཀྱང་རིམ་པ་བཞིན་དུ་མྱ་ངན་ལས་འདས།།བསྟོན་པ་ནུབ་ནས་རང་སངས་རྒྱས་བདུན་ཁྲི་དག་མངོན་པར་ཤེས་པ་དྲུག་དང་ལྡན་པ་དྲུག
259b2 མཉམ་དུ་བྱུང་སྟེ་གཤེགས་ཤིང་བཞུགས་པར་འགྱུར།རང་སངས་རྒྱས་དེ་དག་ཀྱང་མྱ་དྲན་ལས་འདས་ནས་དྲང་སྲོང་དྲུག་ཁྲི་མངོན་པར་ཤེས་པ་ལྔ་དང་ལྡན་པ་དག་ཀྱང་དེ་ཉིད
259b3 དུ་གནས་པར་གྱུར་ཏོ།།བཙུན་པ་རབ་མཐོང་ཆེན་པོ་དེ་ནས་ཡང་བསྐོལ་བ་དྲུག་ཅུ་རྩ་གཅིག་ནུ་བཅོམ་ལྡན་འདས་ཡོད་དག་པར་རྫོགས་པའི་སང་སྟེ་རྒྱུ་སྟེ་གཙུག་ཏོར་ཅན
259b4 ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།དེའི་དགེ་སློང་རབ་གསལ་ཞེས་བྱ་བ་ལྷ་དང་མོས་མཆོད་པའི་མཆོག་ཏུ་གྱུར་པའང་དེ་ཉིད་ནའོ།།མཚམས་ཀྱི་རོ་དེ་ཉིད་ལ་རྩཝའི་རིགས
259b5 རོཧཱུ~ཾ་ཏྣོ་རི་ཞེས་བྱ་བ་སྐྱེ་བཱི་ས་རི་ཧཱུ~ཾ་ཏཱ་རི་ཞེས་བྱ་བར་བཏགས་པར་གྱུར།ཀླུ་མོ་གོས་མེད་ཅེས་བྱ་བ་གནས་པས་གོས་མེད་ཀྱི་ནགས་ཞེས་བྱ་བར་བཏགས་པར་གྱུར།ཤིང་ཤིར་ཤ
259b6 སྐྱེ་བས་ཤིང་ཤློར་ཤོའི་ཕྲུག་ཅེས་བཏགས་པར་གྱུར།ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་འཁོར་དགྲ་བཅོམ་པ་བདུན་ཁྲི་དང་ཡང་དེར
259b7 གཤེགས་ཤིང་ཐབས་ཅིག་ཏུ་བཞུགས་པར་གྱུར།།དེ་དག་ཀྱང་མྱ་ངན་ལས་འདས་བསྐྲུན་པ་ནུབ་ནས་རང་སངས་རྒྱས་དྲུག་ཁྲི་ཡང་དེར་གཤེགས་ཤིང་བཞུགས




iiif viewer powered by OpenSeadragon

259a - 260a

Texts on this page

N299 - mun gyi nags tshal gyi sgo zhes bya ba'i mdo