e-texts navigator
Collection
Volume
Page
Wylie

258b1 རྒྱས་བསྟན་པ་མཛད་དེ།དེའི་འཁོར་ལྷ་བརྒྱ་བོ་དག་ལྟ་བ་མཆོག་ཏུ་འཛིན་པ་པཤིག་བཅོམ་པ།བདེན་པ་མཐོང་སྟེ་དེ་ཉིད་དུ་རབ་ཏུ་བྱུང་དག་སྦྱོང་གི་དབྱུང་པོ་བཟུང་སྟེ།སྣརོན
258b2 མོངས་པ་ཐམས་ཅད་བཅོམ་ནས་དགྲ་བཅོམ་པོ་མངོན་དུ་བྱས་ཏེ་དགའ་བོ་ནི་མ་གཏོགས་སོ།།སྐྱེ་བོ་མང་པོ་ཀུན་གྱིས་ཀྱང་ཆོས་ཁོང་དུ་ཆུད་དོ།།སྟོན་པ་ཆེན་པོ་རབ་མཐོང
258b3 ལྟ་བའི་ཕྱིར་ལྷ་ལ་སོགས་པ་དག་ཀྱང་འོངས་ཏེ་དེར་ཕྱིར་པ་དང་།བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སྦྱོང་དག་དགེ་སློང་རབ་མཐོང་འདི་ནི
258b4 དེའི་དགེ་སློང་དང་དགེ་སློང་དག་གི་ཉན་ཐོས་དག་ལ་ཇི་སྟེར་ལྷ་དང་མི་མཆོད་པ་བྱེད་དེ།དེ་དག་གི་ནང་ན་ལྷ་དང་མིས་མཆོད་པར་བྱ་བའི་མཆོག་ནི་དགེ་སློང་རབ་མཐོང་ཡིན་ནོ།།
258b5 ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།།དེ་ནས་དུས་དེ་ཉིད་དུ་མི་མཇེད་ཀྱིས་བདག་པོ་ཚངས་པ་དང་།ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་།འཇིག་རྟེན་སྐྱོད་པ་བཞི
258b6 དང་།གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོཉི་ཤུ་རྩ་བརྒྱད་དང་།དྲི་ཟེའི་རྒྱལ་པོ་དང་།གྲུལ་བུམ་གྱི་སྡེ་དཔོན་ཆེན་པོ་ལ་སོགས་པ་རང་རོང་གི་གནས་ནས་སོང་སྟེ།ཚེ་དང
258b7 ལྡན་པ་རབ་མཐོང་ཆེན་པོ་གལ་བ་དེར་སོང་སྟེ་ཕྱིན་ནས་ཕྱོགས་གཅིག་ཏུ་འཁོད་དེ་མངོན་དུ་ཕྱོགས་ཐལ་མ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ།།ཀྱེ་བཙུན་པ་རབ་མཐོང་ཆེན་པོ་སྔོན




iiif viewer powered by OpenSeadragon

258a - 259a

Texts on this page

N299 - mun gyi nags tshal gyi sgo zhes bya ba'i mdo