| | e-texts navigator
|
246a1 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོབས་བཅུའི་སྟོབས་དང་ལྡན་པ།མི་འཇིགས་པ་བཞིས་བསྒྲེངས་པ་མི་མངའ
246a2 བ།ཁྱུ་མཆོག་གི་གནསུ་ཞལ་གྱིས་འཆེ་བ།སྐུ་ལ་སྲེད་མེད་ཀྱི་སྟོབས་བརྟེན་པ་འདུས་པ།སེང་གེའི་སྒྲ་ཡང་དག་པར་སྒྲོགས་པ་དེ་རྣམས་ཀྱང་ཡིད་དུ་འོང་བའི
246a3 སྐུ་སྤོང་བར་མཛད་པའི་ཆོས་ཅན་ནོ།།དགེ་སློང་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་དང་།འབྱུང་པོ་ཐམས་ཅད་དང་།སྲོག་ཆགས་ཐམས་ཅད་ཀྱི་གསོན
246a4 པོའི་མཐའ་ནི་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ།སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ།བདེ
246a5 བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པ་གཞན་ཡང་འདི་སྐྲོད་བཀའ་སྩལ་ཏོ།།ཀྱེ་མ་འདུ་བྱེད་རྣམས་མི་རྟག།སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན།སྐྱེས
246a6 ནས་འཇིག་པར་འགྱུར་བ་སྟེ།།དེ་བས་ཉེ་བར་ཞི་བ་བདེ།།དེ་ལྟར་རབ་ཏུ་འབར་བ་ལ།།དགེར་བྱར་ཅི་ཡོད་མགུར་ཅོ་ཡོད།།མུན་པའི་ནང་ཞུགས
246a7 གནས་པ་དག།ཅི་ཕྱིར་སྒྲོན་མཚོལ་མི་བྱེད།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས
iiif viewer powered by OpenSeadragon
245b - 246b