| | e-texts navigator
|
245a1 ནས་འཆི་བར་མི་འགྱུར་བ་མེད་དོ།།གང་ཡང་དྲང་སྲོང་ན་གྲཝ་ན་གནས་པ་རྩ་བ་དང་།འབྲས་བུ་ཟ་ཞིང་རྩ་བ་དང་འབྲས་བུ་ལ་སྤྱོད་པ།རྩ་བ
245a2 དང་།འབྲས་བུས་འཚོ་ཞིང་གནས་པ་དེ་དག་གི་གསོན་པའི་མཐའ་ཡང་འཆི་བར་འགྱུར་བ་སྟེ།སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ།།གང་ཡང་རྒྱལ་ཆེན
245a3 བཞིའི་རིས་ཀྱི་ལྷ་རྣམས་དང་།སུམ་ཅུ་རྩ་གསུམ་དང་།འཐབ་བྲལ་དང་།དགའ་ལྡན་དང་།འཕྲུལ་དགའ་དང་།གཞན་འཕྲུལ་དབང་བྱེད་ཀྱི་ལྷོ་རྣམས་ཏེ།
245a4 དེ་དག་གྲི་གསོན་པའི་མཐའ་ཡང་འཆེ་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ།སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ།།གྲང་ཡང་བི་སྡུམ་གཏོན་གསུམ་པ
245a5 ཐོབ་པའི་ལྷ་རྣམས་ཏེ།དགེ་ཆུང་དང་།ཚད་མེད་དགེ་དང་།དགེ་རྒྱས་པོ་སྟེ།དེ་དག་གི་གསོན་པའི་མཐའ་ཡང་འཆི་བ་ཡིན་ཞིང
245a6 མཐར་ཡང་འཆི་བར་འགྱུར་ཏེ།སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ།།གང་ཡང་བསམ་གཏན་བཞི་པ་ཐོབ་པའི་ལྷ་རྣམས་ཏེ།སྤྲིན་མེད་དང་།བསོད་ནམས
245a7 འཕེལ་དང་།འབྲས་བུ་ཆེ་བ་དང་།འདུ་ཤེས་མེད་པའི་སེམས་ཅན་དང་།མི་ཆེ་བ་དང་།མི་གདུང་བ་དང་།ཤིན་ཏུ་མཐོང་བ་དང་།གྱ་ནོམ་སྣང་དང་།
iiif viewer powered by OpenSeadragon
244b - 245b