| | e-texts navigator
|
244b1 ཟློག་ཅིག།དགེ་སློང་དགྲ་མ་ཆགས་པ་དང་།མཱུ་ཞོན་པོ་དང་།རྣམ་པར་གྲོལ་བར་གྱིས་ཤིག།གང་ཡང་སེམས་ཅན་ཐམས་ཅད་དང་།འབྱུང་པོ་ཐམས་ཅད་དང་།སྲོགས
244b2 ཐམས་ཅད་ཀྱི་གསོན་པའི་མཐུར་ནི་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ།སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ།།གང་ཡང་ཁྱིམ་བདག་གི་རིགས་ཤིང་སཱ་ལྔ་ཆེན
244b3 པོ་ལྟ་བུའམ།བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འམ།རྒྱལ་རིགས་ཤིང་སྐུ་ལ་ཆེན་པོ་ལྟ་བུ་ཕྱུག་པ།ནོར་མང་བ་ལོངས་སྤྱོད་ཆེ་བ།ནོར་བུ་དང་།མུ་ཏིག་དང་།
244b4 དང་།བཻ་ཌཱུརྱ་དང་།ཤང་ཀ་ཤི་ལ་དང་།བྱུ་རུ་དང་།གསེར་དང་།དངུལ་དང་།ནོར་དང་།ལོངས་སྤྱོད་མང་བ་དང་།འབྲུ་དང་།དབྱིག་དང་།གསེར་དང་།
244b5 མཛོད་དང་།བང་བ་བསགས་པ་མང་བ་དང་།བྲན་པོ་དང་།བྲན་མོ་དང་།ཞོ་ཤེས་འཚོ་བ་མང་བ་དང་།མཛའ་བཤེས་དང་།ཉེ་དུ་དང་།སྡུག་གི་གཉེན་མཚམས
244b6 མང་བ་དེ་དག་གི་གསོན་པའི་མཐའ་ཡང་འཆི་བར་འགྱུར་བྱ་སྟེ།སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ།།གླང་ཡང་རྒྱལ་པོ་རྒྱལ་རིགས་སྐྱེ་བོ་ནས་དབང་བསྐུར་བ།ཡུལ
244b7 ལ་དབང་པོ།མཐུ་ཐོབ་པ།ས་ཆེན་པོའི་དཀྱིལ་འཁོར་དུ་མངོན་པར་རྒྱལ་བས་གནས་པ་དེ་དག་གིས་གསོན་པའི་མཐའ་ཡོང་འཚོ་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ།སྐྱེས
iiif viewer powered by OpenSeadragon
244a - 245a